སྤྱི་ལོ1200ལོ་ནས་སྤྱི་ལོ1400ལོའི་བར་གྱི་ཡོབ་གླིང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-10-27 11:26ལ་འགྲུབ།

སྤྱི་ལོ1200ལོ་ནས་སྤྱི་ལོ1400ལོའི་བར་གྱི་ཡོབ་གླིང་།

སྤྱི་ལོ1200ལོ་ནས་སྤྱི་ལོ1400ལོའི་བར་གྱི་ཡོབ་གླིང་།
འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་སྤྱི་ལོ1200ལོ་ནས་སྤྱི་ལོ1400ལོའི་བར་གྱི་ཡོབ་གླིང་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1200年~1400年欧洲
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད་བསྡུས་པ།

ཇིང་གིར་རྒྱལ་བོ་དང་ཁོའི་ཁྱིམ་རྒྱུད་ཀྱིས་ཡ་གླིང་དུ་བསླངས་པའི་དམག་འཁྲུག་གིས་ཡོབ་གླིང་དུ་བསྐྱོད་པའི་ཚོང་དོན་ལམ་ཐིག་བཏོད། ཚོང་བར་སྐམ་ས་ཆེན་པོ་གཉིས་དབར་གྱི་ཉོ་ཚོང་མང་དུ་ཕྱིན་པས་ཁེ་ཕན་མང་པོ་ཐོབ། ཡོབ་གླིང་བྱང་མའི་ཚོང་ལས་མཁར་གྲོང་མཉམ་འབྲེལ་གྱིས་ཧན་སཱ་མནའ་མཐུན་བཙུགས་ཏེ། པོ་ལུའོ་ཏུ་རྒྱ་མཚོ(波罗的海)དང་པེ་ཧའེ(北海)ས་ཁུལ་གྱི་ཉོ་ཚོང་ལ་ཚོད་འཛིན་བྱས། ཡེ་ཤུའི་ཆོས་ལུགས་པ་རྣམས་ཨའོ་སི་མན་ཐུར་ཁེ་བས་རྒྱུན་དུ་ཡ་གླིང་ནུབ་མ་ནས་ཕྱིར་ཕུད་པས། རྒྱ་གྲམ་དམག་གིས་ཤར་འདུལ་བྱེད་པའི་སྤྲོ་སེམས་ཀྱང་ཉམས་སུ་བཅུག སྤྱི་ལོ1348ལོར། ཡོབ་གླིང་གི་ས་ཁུལ་མང་ཆེ་བར་བྱི་རིམས་ཀྱིས་མནར་གཅོད་བཏང་བས། འཚོ་གནས་ཁོར་ཡུག་ཇེ་སྡུག་ཏུ་སོང་སྟེ་དབྱིན་ཀེ་ལན་དང་ཧྥ་རན་སེའི་བཟོ་བའི་འོས་ལངས་བསླངས།