སྤྱི་ལོ1398ལོར་ཏུ་ལིར་འཕྲོག་བཅོམ་བྱས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-10-27 11:27ལ་འགྲུབ།

སྤྱི་ལོ1398ལོར་ཏུ་ལིར་འཕྲོག་བཅོམ་བྱས།

སྤྱི་ལོ1398ལོར་ཏུ་ལིར་འཕྲོག་བཅོམ་བྱས།
འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་སྤྱི་ལོ1398ལོར་ཏུ་ལིར་འཕྲོག་བཅོམ་བྱས་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1398年洗劫德里
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད་བསྡུས་པ།

དུས་རབས14པའི་དུས་དཀྱིལ་དུ། སོག་པོ་བཙན་རྒྱལ་དེ་ཚབས་ཆེའི་ཁ་བྲལ་གྱི་གནས་སུ་ལྷུང་། སྤྱི་ལོ1369ལོར་ཐིའེ་མུའུ་ཨེར་གྱིས་རང་ཉིད་གོང་མ་སཱ་མཱ་ཨེར་ཧན(撒马尔罕)དུ་བསྐོས། ཁོས་རང་ཉིད་ནི་ཇིང་གིར་རྒྱལ་བོའི་གདུང་རྒྱུད་ཡིན་པར་བསྒྲགས་ཏེ་རླབས་ཆེ་བའི་ཇིང་གིར་རྒྱལ་བོའི་རྒྱལ་ཁབ་བསྐྱར་འཛུགས་བྱེད་འགོ་བརྩམས། ཁོང་གིས་བྱང་ཆུབ་པའི་རྟ་དམག་དཔུང་ཆེན་གྱི་སྣེ་ཁྲིད་དེ་པར་ཟིག་དང་དབྱི་རག སི་རི་ཡ། ཨ་ཧྥུའུ་ཧན། ཨུ་རུ་སུ་བཅས་ཀྱི་ས་ཁུལ་ཁག་ཅིག་དབང་དུ་བསྡུས། སྤྱི་ལོ1397ལོར། ཁོས་ཧིན་རྡུར་བཙན་འཛུལ་བྱས་ཏེ་ཐུའུ་ཀུ་ལུའུ་ཁུ་བཙན་རྒྱལ་ལ་ཕར་རྒོལ་བྱས། སྤྱི་ལོ1398ལོར་ཁོས་ཏུ་ལིར་འཕྲོག་བཅོམ་བྱས་ཏེ་འབངས་མི་མང་ཆེ་བ་བསད། ཁོའི་མཐར་ཐུག་གི་དམིགས་ཡུལ་ནི་ཀྲུང་གོ་དབང་དུ་བསྡུ་རྒྱུ་དེ་ཡིན་མོད། འོན་ཀྱང་སྤྱི་ལོ1405ལོར་ཁོང་ཀྲུང་གོར་བསྐྱོད་པའི་ལམ་བུར་དུ་ཚེ་ལས་འདས།

བརྡ་འགྲེལ་གདོང་འཛར།

སོག་པོ། བཙན་རྒྱལ། ལོ་རྒྱུས།