སྤྱི་ལོ1336ལོར་ཧིན་རྡུ་ཆོས་ལུགས་པས་ཨི་སི་ལམ་ཆོས་ལུགས་ལ་ངོ་རྒོལ་བྱས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-10-27 11:27ལ་འགྲུབ།

སྤྱི་ལོ1336ལོར་ཧིན་རྡུ་ཆོས་ལུགས་པས་ཨི་སི་ལམ་ཆོས་ལུགས་ལ་ངོ་རྒོལ་བྱས།

འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་སྤྱི་ལོ1336ལོར་ཧིན་རྡུ་ཆོས་ལུགས་པས་ཨི་སི་ལམ་ཆོས་ལུགས་ལ་ངོ་རྒོལ་བྱས་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1336年印度教教徒反对伊斯兰教
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད་བསྡུས་པ།

སྟོབས་ཆེ་བའི་ཐུའུ་ཀུ་ལུའུ་ཁུ་རྒྱལ་རབས་ཀྱི་དབང་སྒྱུར་སྐབས། ཨི་ཟི་ལམ་གྱིས་ཧིན་རྡུ་ཡོངས་ལ་དབང་སྒྱུར་བྱས་ཐུབ་མེད། བུ་སྤུན་ལྔས་ལྷོ་ཕྱོགས་སུ་བཙུགས་པའི་ཧིན་རྡུ་གསར་བའི་རྒྱལ་བོའི་རྒྱལ་ཁབ་ཝེ་ཁྲ་ཡེ་ནཱ་ཅཱ་ཨེར(维查耶纳伽尔)ཨི་སི་ལམ་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་སུ་གྱུར། གཅེན་པོ་ཧཱ་ལི་ཧཱ་ལཱ་སྐུ་ཕྲེང་དང་པོས(哈里哈拉一世)སྤྱི་ཚོགས་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་བའི་དོ་དམ་འཕེལ་བཞིན་པའི་བཙན་རྒྱལ་བཙུགས་པ་མ་ཟད། སྟོབས་ཆེན་གྱི་དམག་དཔུང་ཞིག་བསྐྱེད་བསྲིངས་བྱས་ཏེ་རྒྱལ་ཁབ་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས། རྒྱལ་ས་ཝེ་ཁྲ་ཡེ་ནཱ་ཅཱ་ཨེར་གྲོང་ཁྱེར་དུ་བརྗིད་ཉམས་ཆེ་ལ་ཐུན་མོང་མ་ཡིན་པའི་ཕོ་བྲང་དང་ལྷ་ཁང་མང་པོ་ཡོད། བཙན་རྒྱལ་འདི་དུས་རབས16པའི་དུས་དཀྱིལ་དུ་ད་གཟོད་རྩ་མེད་དུ་སོང་།