སྤྱི་ལོ1953ལོའི་ཟླ10པར་དཔའ་རིས་རང་སྐྱོང་ཆུས་ཀྱི་ཆུས་དྲུག་པར་གཏོགས།
སྤྱི་ལོ1957ལོའི་ཟླ12པར་སྔོ་ཁོ་ཆུས་ཁོངས་སུ་གཏོགས།
སྤྱི་ལོ1958ལོའི་ཟླ12པར་ཀུའུ་ཁྲེང་ཀུང་ཧྲེའི་མཆོད་རྟེན་ཐང་ཀུང་ཧྲེ་དང་ཆུ་ཆ་རུ་ཆེན་ཡིན།
སྤྱི་ལོ1962ལོའི་ཟླ7པར་མཆོད་རྟེན་ཐང་ཀུང་ཧྲེ་བཙུགས་པ་དང་ཀུའུ་ཁྲེང་ཆུས་ཁོངས་སུ་གཏོགས།
སྤྱི་ལོ1983ལོའི་ཟླ5པར། ཀུང་ཧྲེ་ཕྱིར་འཐེན་བྱས་ནས་མཆོད་རྟེན་ཐང་ཡུལ་ཚོ་བཙུགས་པ་དང་། སྔོ་ཁོ་ཆུས་ཁོངས་སུ་གཏོགས།
སྤྱི་ལོ1985ལོའི་ཟླ10པར། ཆུས་ཕྱིར་འཐེན་བྱས་ཏེ་ཡུལ་ཚོར་ཟླ་སྒྲིལ་བཏང་ནས་མཆོད་རྟེན་ཐང་དང་ཆུ་ཆ་ཡུལ་ཚོ་བཙུགས།
སྤྱི་ལོ2004ལོའི་ཟླ10པར། ཆུ་ཆ་ཡུལ་ཚོ་མཆོད་རྟེན་ཐང་ཡུལ་ཚོར་ཟླ་སྒྲིལ་བཏང་།
སྤྱི་ལོ2010ལོའི་ཟླ10པར། ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་བཙུགས།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་ཁོངས་གཏོགས་ཀྱི་མཆོད་རྟེན་ཐང་གྲོང་རྡལ་སྡེ་ཁུལ་ཏེ་སྡེ་ཁུལ1དང་། མཆོད་རྟེན་ཐང་དང་། ཟོག་པ། མེ་ཐུར། ཞོ་ལུང་། འབུམ་ཁང་། རྣ་བུག ཁོ་ར། ཆ་རྒན། ཆུ་ཆ། དམར་ཁོ། སོག་ཁེས་གོང་མ། འབིབ་རྒན། ཁོར་བརྟན་ཞོལ་མ་བཅས་སྲིད་འཛིན་གྲོང་སྡེ13ཡོད་པ་དང་། འོག་ཏུ་གྲོང་མིའི་ཚོགས་ཆུང54བཙུགས་ཡོད།
སྤྱི་ལོ2020ལོའི་ཟླ6པའི་བར། མཆོད་རྟེན་ཐང་གྲོང་རྡལ་ཁོངས་གཏོགས་སུ་མཆོད་རྟེན་ཐང་གྲོང་རྡལ་སྡེ་ཁུལ་དང་། མཆོད་རྟེན་ཐང་གྲོང་སྡེ། རྣ་བུག་གྲོང་སྡེ། འབུམ་ཁང་གྲོང་སྡེ། ཁོ་ར་གྲོང་སྡེ། ཟོག་པ་གྲོང་སྡེ། ཞོ་ལུང་གྲོང་སྡེ། ཆ་རྒན་གྲོང་སྡེ། མེ་ཐུར་གྲོང་སྡེ། དམར་ཁོ་གྲོང་སྡེ། ཆུ་ཆ་གྲོང་སྡེ། འབིབ་རྒན་གྲོང་སྡེ། སོག་ཁེས་གོང་མ་གྲོང་སྡེ། ཁོར་བརྟན་ཞོལ་མ་གྲོང་སྡེ་བཅས་སྡེ་ཁུལ1དང་སྲིད་འཛིན་གྲོང་སྡེ13ཡོད་པ་དང་། གྲོང་རྡལ་མི་དམངས་སྲིད་གཞུང་མཆོད་རྟེན་ཐང་གྲོང་སྡེར་བཅའ་སྡོད་བྱས་ཡོད།
གནས་ཡུལ།
མཆོད་རྟེན་ཐང་གྲོང་རྡལ་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གཏོགས་པ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ལྷོ་ནུབ་རྒྱུད་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ཀྱི་འཇུ་ལག་ཆུ་བོའི་བྱང་ངོགས་སུ་གནས་ཤིང་། ཤར་དུ་ཁེས་བཟང་ཉག་ག་གྲོང་རྡལ་དང་འབྲེལ་བ། ལྷོ་ངོས་སུ་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཅ་ཏིང་གྲོང་རྡལ་དང་འཇུ་ལག་ཆུ་བོས་བར་ཆོད་པ། ནུབ་ཏུ་མཚོ་སྔོན་ཞིང་ཆེན་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཀྲུའུ་ཀུའུ་ཡུལ་ཚོར་འབྲེལ་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ301.1ཡོད།
ས་དབྱིབས།
མཆོད་རྟེན་ཐང་གྲོང་རྡལ་གྱི་ས་བབ་བྱང་མཐོ་ལ་ལྷོ་དམའ་བ། ས་བབ་ནི་རི་མཐོའི་འགག་རོང་ཁུལ་ཡིན། མཆོད་རྟེན་ཐང་གྲོང་རྡལ་གྱི་རི་བོ་གཙོ་བོ་ལ་ལར་ཅ་ཀེན་དང་། ཞའོ་ཏ་པན། ལུང་པའོ་ཏ་པན་སོགས་ཡོད། སོལ་ཧྲན་ལིང་གྲོང་རྡལ་དང་འབྲེལ་བའི་ལུང་པའོ་ཏ་པན་རི་བོའི་མཐོ་ཚད་ལ་སྨི3967ཡོད་པ་དེ་ནི་མཆོད་རྟེན་ཐང་གྲོང་རྡལ་གྱི་རི་རྩེ་མཐོ་ཤོས་ཡིན་པ་དང་། མངའ་ཁོངས་ནང་གི་རི་བོ་མཐོ་ཤོས་ལུང་པའོ་ཏ་པན་ནི་མངའ་ཁོངས་ཀྱི་བྱང་སྣེ་དང་སོལ་རི་གྲོང་རྡལ་གྱི་འབྲེལ་མཚམས་སུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3967ཡོད། ཆེས་དམའ་ཤོས་དཀར་མོ་གཡས་འཁྱིལ་ནི་མངའ་ཁོངས་ཀྱི་ལྷོ་སྣེའི་འཇུ་ལག་ཆུ་བོའི་ལྟེ་གནས་སུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2246ཡོད།
ནམ་ཟླ།
མཆོད་རྟེན་ཐང་གྲོང་རྡལ་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ཐན་པ་ཕྱེད་ཙམ་གྱི་ས་མཐོའི་ནམ་ཟླའི་ཁུལ་ཡིན། ལོ་མང་རིང་གི་ཆ་སྙོམས་དྲོད་ཚད3.6℃ཡིན་པ་དང་། ལྟོས་བཅས་ཀྱིས་བ་མོ་མེད་པའི་དུས་ཡུན་ཉིན135ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧོ་སྨི480ཙམ་ཟིན་པ་དང་ཆར་པ་འབབ་ཚད་མང་ཆེ་བ་ཟླ7པ་ནས9པའི་བར་གཅིག་སྡུད་བྱས་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི60%བཟུང་ཡོད།
ཆུ་དཔྱད།
མཆོད་རྟེན་ཐང་གྲོང་རྡལ་ཁོངས་ཀྱི་ཆུ་བོ་ཆེ་ཤོས་ནི་འཇུ་ལག་ཆུ་བོ་ཡིན་པ་དང་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་མཆོད་རྟེན་ཐང་དང་། རྣ་བུག དམར་ཁོ་བཅས་གྲོང་སྡེ་གསུམ་གྱི་ཁོངས་སུ་འབབ་ཀྱིན་ཡོད། མངའ་ཁོངས་ནང་གི་ཆུ་ལམ་གྱི་རིང་ཚད་ལ་སྟོང་སྨི21ཙམ་ཡོད་པ་དེ་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་རྒྱུད་དུ་གཏོགས།
རང་བྱུང་གནོད་འཚེ།
མཆོད་རྟེན་ཐང་གྲོང་རྡལ་གྱི་རང་བྱུང་གནོད་འཚེ་གཙོ་བོར་ཐན་པ་དང་། ཆུ་ལོགའདམ་རྡོའི་ཆུ་རུད་སོགས་ཡོད། ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཤོས་དེ་སྤྱི་ལོ2011ལོའི་ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད22ནས15ཉིན་གྱི་ཆུ་ཚོད6པ་བར་ཐོན་པ་དང་། ཁ་གཏད་རྒྱུག་ཤུགས་ཆེ་བའི་གནམ་གཤིས་ཀྱིས་རྐྱེན་པས་མཆོད་རྟེན་ཐང་གྲོང་རྡལ་གྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་བབས་ནས་ཆར་པ་འབབ་ཚད་ཧོ་སྨི70ཡན་ཟིན་པས་ཆུ་ལོག་ཐོན་པ་དང་། ཆུ་རགས་མི་འདང་བ། ཞིང་ཁ་བསྣུབས་པ། གཞུང་ལམ་གཏོར་སྐྱོན་ཕོག་པ། མི་ཕྱུགས་ཀྱི་འཐུང་ཆུ་ཆད་པ། ཁང་པའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ། གྲོང་སྡེ13ལ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་ཕོག་པ། གནོད་འཚེ་ཕོག་མཁན་དུད་ཚང711དང་མི3047ལ་གནོད་འཚེ་ཕོག་ནས་མི1རྐྱེན་ལམ་དུ་ཤོར་བ་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི1769.5ཟིན་ཡོད།
རང་བྱུང་ཐོན་ཁུངས།
མཆོད་རྟེན་ཐང་གྲོང་རྡལ་ཁོངས་ཀྱི་གཏེར་ཁའི་ཐོན་ཁུངས་ལ་རྡོ་སོལ་དང་བྱེ་མ་སོགས་ཡོད། དེའི་ནང་རང་བྱུང་ཐོན་ཁུངས་ཁྲོད་རི་སྐྱེས་སྲོག་ཆགས་ལ་ཤྭ་བ་དང་། གཡི། ཤྭ་བ། གསའ། བྱ་ཝང་སོགས་ཡོད། ཤིང་སྡོང་ལ་གཙོ་བོར་གསོམ་ཤིང་དང་། ཐང་ཤིང་། ཤུག་པ། སྦྱར་པ། སྟག་པ་སོགས་ཡོད། རི་སྐྱེས་ཀྲུང་ལུགས་སྨན་རྒྱུར་ཀྱི་ལྕེ་དང་། སྤྲུ་མ། རེའུ་ལྕག དབྱར་རྩྭ་དགུན་འབུ། ལྕུམ་སོགས་ཡོད། མཆོད་རྟེན་ཐང་གྲོང་རྡལ་དུ་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི1.1ཡོད་པ་དང་མི་རེར་ཆ་སྙོམས་མུའུ1.1ཡོད་པ་དང་མང་ཆེ་བ་ནི་རི་དང་ཐན་ཞིང་ཡིན། མཆོད་རྟེན་ཐང་གྲོང་རྡལ་དུ་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི20དང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི15ཡོད།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་ཁོངས་གཏོགས་ཁུལ་གྱི་མི་འབོར་བསྡོམས་འབོར10400ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར2400ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད23%ཟིན་ཡོད། མི་འབོར་བསྡོམས་འབོར་ཁྲོད་སྐྱེས་པ5294ཡོད་པ་དེས50.9%བཟུང་བ་དང་། སྐྱེས་མ5106ཡོད་པ་དེས49.1%བཟུང་བ། ལོ14མན་གྱི་མི2080ཡོད་པ་དེས20%བཟུང་བ། ལོ15ནས64བར་གྱི་མི6136ཡོད་པ་དེས59%ཟིན་པ། ལོ65ཡན་གྱི་མི་གྲངས2184ཡོད་པ་དེས21%བཟུང་ཡོད། མི་གྲངས་བསྡོམས་འབོར་ཁྲོད་རྒྱ་རིགས་ཀྱིས་གཙོ་བོ་བྱས་པའི་མི་གྲངས4056ཟིན་པ་དེས%39ཟིན་པ་དང་། བོད་རིགས3432ཡོད་པ་དེས33%ཟིན་པ། ཧོར་རིགས2912ཡོད་པ་དེས28%བཟུང་ཡོད། སྤྱི་ལོ2011ལོར་མི་འབོར་སྐྱེ་ཚད10‰དང་། མི་འབོར་འཆི་ཚད3‰མི་འབོར་རང་ཤུགས་སུ་འཕར་ཚད7‰ཡིན།
སྤྱི་ལོ2017ལོར་མཆོད་རྟེན་ཐང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར10492ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་མཆོད་རྟེན་ཐང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར12937ཡོད།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་གྱི་ནོར་སྲིད་སྤྱིའི་ཡོང་འབབ་སྒོར་ཁྲི3124ཟིན་ཡོད། དེའི་ནང་ཁ་གསབ་ཡོང་འབབ་སྒོར་ཁྲི516དང་། ཆེད་དངུལ་ཡོང་འབབ་སྒོར་ཁྲི1294ཞིང་ཕན་མ་དངུལ་གྱི་ཡོང་འབབ་སྒོར་ཁྲི1315ཡོད། ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི2988.5ཟིན་པའི་ནང་སྤྱིར་བཏང་གི་ནོར་སྲིད་གཏོང་སྒོ་སྒོར་ཁྲི516དང་། ཆེད་དངུལ་སྒོར་ཁྲི1157.5ཞིང་ཕན་མ་དངུལ་གྱི་གཏོང་སྒོ་སྒོར་ཁྲི1315བཅས་ཟིན་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར3060ཟིན་ཡོད།
སྤྱི་ལོ2018ལོར་མཆོད་རྟེན་ཐང་གྲོང་རྡལ་གྱི་ལས་གཉེར་རྒྱ་ཁྱོན་སྨི་གྲུ་བཞི་མ50ཡན་ཟིན་པའི་ཕྱོགས་བསྡུས་ཚོང་ཁང་ངམ་ཡང་ན་སྒོ་རྩིས་ཚོང་ཁང30ཡོད།
ཞིང་ལས།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.9ཟིན་ཡོད། སྤྱི་ལོ2011ལོར་འབྲུ་རིགས་ཏུན་ཁྲི0.2ཐོན་སྐྱེད་བྱས་པའི་ནང་གྲོ་ཏུན་ཁྲི0.1ཡོད། དཔལ་འབྱོར་ལོ་ཏོག་ནི་ཞོག་ཁོག་དང་ས་མཐོའི་སྔོ་ཚལ་གཙོ་བོ་ཡིན། སྤྱི་ལོ2011ལོར་ཞོག་ཁོག་ཏུན་ཁྲི0.1ཐོན་སྐྱེད་བྱས་པ། སྔོ་ཚལ་འདེབས་ཁྱོན་མུའུ8000ཟིན་པ་དང་ཐོན་ཚད་ཏུན1100ཟིན་ཡོད།
མཆོད་རྟེན་ཐང་གྲོང་རྡལ་གྱི་ཕྱུགས་ལས་ནི་ནོར་ལུག་དང་། ཕག ཁྱིམ་བྱ་བཅས་གསོ་སྤེལ་བྱེད་པ་གཙོ་བོ་ཡིན། སྤྱི་ལོ2011ལོར་ནོར་གནག་གསོ་སྤེལ་བྱེད་ཚད་མགོ་གྲངས་ཁྲི0.4དང་ལོ་མཇུག་ཏུ་ལག་ཡོད་མགོ་གྲངས་ཁྲི0.3ཟིན་པ་དང་། ལུག་གསོ་སྤེལ་བྱེད་ཚད་ཁྲི3.5ཟིན་པ་དང་ལོ་མཇུག་ཏུ་ལག་ཡོད་མགོ་གྲངས་ཁྲི3.1ཟིན་པ། ཕག་གསོ་སྤེལ་བྱེད་ཚད་མགོ་གྲངས་ཁྲི0.3ཟིན་པ་དང་ལོ་མཇུག་ཏུ་ལག་ཡོད་ཕག་མགོ་གྲངས་ཁྲི0.2ཟིན་པ། ཁྱིམ་གསོས་བྱ་རིགས་ལོ་རེའི་གསོ་སྤེལ་བྱེད་ཚད་སྒོར་ཁྲི0.8ཟིན་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི1400ཟིན་པ་དེས་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི20%བཟུང་ཡོད།
ཚོང་ལས།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་ཚོང་ལས་དྲ་ཚིགས63དང་ལས་ཞུགས་མི་སྣ87ཡོད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་སྤྱི་ཚོགས་ཚོང་ཟོག་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི1100ཟིན་པ་དེ་ལོ་གོང་མ་ལས77%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་འདུས་ཁྲོམ་ར1ཡོད་པ་དང་ལོར་ཚོང་འགྲིག་ཚད་སྒོར་ཁྲི1100ཟིན་ཡོད།
དངུལ་རྩ།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་གྱི་དངུལ་རྩའི་སྒྲིག་གཞིར་མཆོད་རྟེན་ཐང་གྱི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་ཡོད། རིགས་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི3900དང་དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི2100ཡིན།
སློབ་གསོའི་ལས་དོན།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་སློབ་ཆུང7དང་། སློབ་གྲྭར་ཡོད་པའི་སློབ་མ679 ཆེད་བསྐོས་དགེ་རྒན87སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། དམའ་རིམ་སློབ་འབྲིང1ཡོད་པ་སྟེ་མཆོད་རྟེན་ཐང་དམའ་རིམ་སློབ་འབྲིང་ཡིན་ཞིང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ401དང་ཆེད་བསྐོས་དགེ་རྒན35ཡོད། དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་མི་འབོར་སློབ་ཞུགས་བྱེད་ཚད98%དང་། སློབ་ཆུང་གི་དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་ཚད་ཚང་མ100%ཟིན་ཡོད།
ཚན་རིག་ལག་རྩལ།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་ཞིང་ལས་ལག་རྩལ་མི་སྣ6དང་། ཕྱུགས་ལས་ལག་རྩལ་མི་སྣ12 ཞིང་པའི་ལག་རྩལ་པ18བཅས་ཡོད།
རིག་རྩལ་ལས་དོན།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་རིག་གནས་ས་ཚིགས1དང་། གྲོང་སྡེ་རིམ་པའི་རིག་གནས་བྱེད་སྒོའི་ལྟེ་གནས1དཔེ་ཁང་སྣ་ཚོགས13དཔེ་དེབ་ཁྲི4.2བཅས་ཡོད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་ལ་དཔའ་རིས་ཀྱི་དམངས་གཞས་དང་། བོད་རིགས། ཧོར་རིགས་བཅས་ཀྱི་དམངས་སྲོལ་གོམས་གཤིས་ལྡན་ཡོད། རོལ་དབྱངས་དང་། མཛེས་རྩལ། ཡིག་གཟུགས། པར་ལེན། རྩོམ་རིག་ལས་ཞོར་གསར་རྩོམ་རུ་ཁག་གི་མི་སྣ68ཟིན་ཡོད།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་སློབ་གྲྭའི་ལུས་རྩལ་ཐང6ཡོད། གྲོང་ཁྱེར་གྱི་སྡེ་ཁུལ1དང་གྲོང་སྡེ4ལ་ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད་པ་དང་། རྒྱུན་དུ་ལུས་རྩལ་བྱེད་སྒོར་ཞུགས་མཁན་གྱིས་རྒྱུན་སྡོད་མི་འབོར་གྱི30%བཟུང་ཡོད།
སྨན་བཅོས་འཕྲོད་བསྟེན།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་མཆོད་རྟེན་ཐང་གྲོང་རྡལ་དུ་གྲོང་སྡེ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཁང14དང་སྨན་དོན་མི་སྣ15ཡོད། གྲོང་རྡལ་གྱི་འཕྲོད་བསྟེན་ཁང1 འཕྲོད་བསྟེན་ལག་རྩལ་མི་སྣ16ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ5དང་། ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ3 ཐོ་འགོད་བྱས་པའི་ནད་གཡོག་པ7 གཞན་དག1བཅས་ཡོད། ནད་ཁྲི16ཡོད། སྤྱི་ལོ2011ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་གྲངས10091ཡོད་པ་དང་མཉམ་ལས་ནང་ཞུགས་ཚད95.5%ཟིན་ཡོད།
སྤྱི་ཚོགས་འགན་སྲུང་།
སྤྱི་ལོ2011ལོར་མཆོད་རྟེན་ཐང་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང56དང་མི་གྲངས79ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང805དང་མི་གྲངས2988ཟིན་པ། གྲོང་གསེབ་ཀྱི་འགན་ལེན་ལྔའི་ཁ་ཐོར་དུ་བསྙེན་བཀུར་བྱ་ཡུལ་མི74ཡོད། དམངས་སྲིད་སྡེ་ཚན་གྱིས་མི་ཐེངས610ལ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་སྒོར་ཁྲི64བཏང་ནས་མི་ཐེངས1089ལ་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད། རྒྱལ་ཁབ་ཀྱིས་གཟིགས་སྐྱོང་བྱ་ཡུལ་རིགས་ཁག་གི་མི12ལ་གཟིགས་སྐྱོང་ཁ་གསབ་བྱས་ཡོད། ལོ་མཇུག་ཏུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་མཁན་མི7032ཟིན་པ་དང་འགན་བཅོལ་ནང་ཞུགས་ཚད98.2%ཟིན་ཡོད།
འགྲིམ་འགྲུལ།
མཆོད་རྟེན་ཐང་གྲོང་རྡལ་དུ་རྫོང་ལམ143བརྒྱུད་ཡོད།
གནའ་ཤུལ།
སྤྱི་ལོ2011ལོར་མཆོད་རྟེན་ཐང་གྲོང་རྡལ་དུ་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོང་ཚན་པ་གཅིག་རེ་ཡོད།
སྤྱི་ལོ2015ལོའི་ཟླ7པའི་ཚེས13ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་ཁྱད་ལྡན་མཛེས་ལྗོངས་ཡུལ་སྐོར་གྲོང་རྡལ་གྲགས་ཅན་དང་གྲོང་སྡེ་གྲགས་ཅན་གྱི་དཔེ་སྟོན་ནང་བཅུག