ཞུས་ཧུའེ།སྔ་མའི་པར་གཞི་དེ མིང་གསང་Wiyc38021  ནས 2025-09-22 20:03ལ་འགྲུབ།

ཞུས་ཧུའེ།

​ཀོང་ཏུང་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ། ཞུས་ཧུའེ། ཕོ། སྤྱི་ལོ1963ལོའི་ཟླ5པའི་ཚེས11ཉིན་སྐྱེས། ཅང་ཞི་ཞིང་ཆེན་ནན་ཁཱང་གྲོང་ཁྱེར་ཐང་ཅང་གྲོང་རྡལ་ཏ་ལིང་གྲོང་ཚོ་ནས་ཡིན། དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
徐辉
ཕ་ཡུལ།
​ཅང་ཞི་ཞིང་ཆེན་ནན་ཁཱང་གྲོང་ཁྱེར་ཐང་ཅང་གྲོང་རྡལ་ཏ་ལིང་གྲོང་ཚོ།
སྐྱེས་སྐར།
སྤྱི་ལོ1963ལོའི་ཟླ5པའི་ཚེས11ཉིན།
སློབ་ཐོན་སློབ་གྲྭ།
ཧོ་ཧའེ་སློབ་ཆེན།
ཚབ་མཚོན་བརྩམས་ཆོས།
《ཐིག་གཤིས་ཚབ་གྲངས་སློབ་སྦྱོང་གི་མཛུབ་ཁྲིད་ཡི་གེ》 《ཞིབ་འཇུག་གི་རྩིས་རིག་མྱུར་འཛིན་ལག་དེབ》
གོ་མིང་།
དགེ་རྒན་ཆེན་མོ།
བསླབ་གནས།
འབུམ་རམས་པ།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1986ལོའི་ཟླ7པར། ཅང་ཞི་སློབ་ཆེན་གྱི་གྲངས་རིག་ཆེད་ལས་ཀྱི་རང་བྱུང་རིག་པའི་ཤེས་རམས་པའི་བསླབ་གནས་བླངས། 

སྤྱི་ལོ2000ལོའི་ཟླ3པར། ཧྲང་ཧའེ་སློབ་ཆེན་རྒྱལ་སྤྱིའི་བཟོ་ཚོང་དང་དོ་དམ་སློབ་གླིང་གི་དོ་དམ་ཚན་རིག་དང་བཟོ་སྐྲུན་ཆེད་ལས་ནས་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། 

སྤྱི་ལོ2006ལོའི་ཟླ3པར། ཧོ་ཧའེ་སློབ་ཆེན་ཚོང་ལས་སློབ་གླིང་གི་ལག་རྩལ་དཔལ་འབྱོར་དང་དོ་དམ་ཆེད་ལས་ནས་དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། 

2 འགན་ཁུར་བརྒྱུད་རིམ། 

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏུང་ཧྭ་བཟོ་རྩལ་སློབ་གྲྭ་ཆེན་མོ་ནས་བཟོ་ལས་ཚན་ཁག་གི་རྩིས་རིག་དང་དོ་དམ་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱས།

སྤྱི་ལོ2003ལོའི་ཟླ11པར་དགེ་རྒན་ཆེན་མོའི་གོ་མིང་དུ་འཕར་བ་དང་། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི་རྩིས་རིག་དང་ཆ་འཕྲིན་ཚན་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་དང་། སློབ་གྲྭའི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྩིས་རིག་ཆེད་ལས་ཀྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་བཅས་ཀྱི་འགན་བཞེས་པ་དང་། རབ་འབྱམས་པའི་སློབ་མ5བསྐྱངས།

སྤྱི་ལོ2006ལོའི་ཟླ10པར། ཀོང་ཏུང་ཚོང་ལས་དང་དོ་དམ་སློབ་གླིང་དུ་དོ་དམ་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀར་བརྗེ་བ་དང་། ཁེ་ལས་དོ་དམ་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གནང་།

3 གཙོ་ཁྲིད་སློབ་ཚན།

སྔ་རྗེས་སུ་རྒྱལ་སྲུང་ཚན་རྩལ་ལས་དོན་ཨུ་ལྷན་ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་མ་ལ། གཙོ་བོ《མཐོ་རིམ་རྩིས་རིག》དང་། 《ཐིག་གཤིས་ཚབ་གྲངས》 《སྲིད་ཕྱོད་རྣམ་བཤད་དང་གྲངས་ལུགས་བསྡོམས་རྩིས》 《རབ་རིབ་ཀྱི་ཐབས་ཇུས》 《ཉེར་སྤྱོད་རྩིས་རིག》 《དོ་དམ་འཁོར་སྐྱོད་རིག་པ》《ནུབ་ཕྱོགས་དཔལ་འབྱོར་རིག་པ》 《ཚན་རིག་དཔལ་འབྱོར་རིག་པ》 《དོ་དམ་རིག་པའི་རྩ་བའི་རིགས་པ་དང་ཐབས་ཤེས》 《ཆ་འཕྲིན་དཔལ་འབྱོར་རིག་པ》 《དོ་དམ་དཔལ་འབྱོར་རིག་པ》སོགས་ཀྱི་སློབ་ཁྲིད་གནང་། 

4 ཞིབ་འཇུག་གི་དགའ་ཕྱོགས། 

དོ་དམ་ཚན་རིག་གཞུང་ལུགས་དང་བྱེད་ཐབས། 

5 མཛད་རྗེས་གཙོ་བོ། 

རྒྱལ་སྲུང་ཚན་རྩལ་ལས་དོན་ཨུ་ལྷན་ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི་སློབ་གཙོ་ཚན་ཞིབ་ཐེབས་རྩའི་རྣམ་གྲངས2དང་། ཅང་ཞི་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་ལས་གཞི2 ཅང་ཞི་ཞིང་ཆེན་གྱི་གཙོ་གནད་སློབ་གསོ་སྒྱུར་བཅོས་རྣམ་གྲངས(ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ)1ཅང་ཞི་ཞིང་ཆེན་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས1བཅས་ལ་གཙོ་སྐྱོང་བྱས་པ་རེད།

སྔ་རྗེས་སུ《རྩིས་རིག་ལག་ལེན་དང་ཤེས་རྟོགས》དང་《ཚོང་ལས་དཔལ་འབྱོར་དང་དོ་དམ》 《བཟོ་ལས་ལག་རྩལ་དཔལ་འབྱོར》 《བཟོ་ལས་ཚན་རྩིས》《ཧྲང་ཧའེ་ཡི་ཁེ་ལས》 《ཚན་རྩལ་དོ་དམ་ཞིབ་འཇུག》 《ཅང་ཞི་སྤྱི་ཚོགས་ཚན་རིག》 《ཁྲོམ་ར་ཞིབ་འཇུག》 《ཆུ་བེད་དཔལ་འབྱོར》 《ཀྲུང་གོའི་མཐོ་རིམ་སློབ་གསོ་ཞིབ་འཇུག》སོགས་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ30ལྷག་སྤེལ།

《ཐིག་གཤིས་ཚབ་རྩིས་སློབ་སྦྱོང་ཁྲིད་དཔེ》དང《ཞིབ་འཇུག་གི་རྩིས་རིག་མྱུར་འཛིན་ལག་དེབ》 《དཔལ་འབྱོར་རྩིས་རིག་གི་དཔེ་དབྱིབས་དང་བྱེད་ཐབས》སོགས་སློབ་དེབ་དང་བརྩམས་ཆོས4རྩོམ་སྒྲིག་བྱེད་པའམ་ཡང་ན་ལས་གཞིའི་ནང་ཞུགས།

6 བྱ་དགའི་ཟིན་ཐོ།

སྤྱི་ལོ2000ལོར། ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི་རྩིས་རིག་དང་ཆ་འཕྲིན་ཚན་རིག་སློབ་གླིང་གི“སྔོན་ཐོན་ལས་དོན་པ”ཡི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2001ལོར། ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་”གྱི་མཚན་སྙན་ཐོབ། སྤྱི་ལོ2002ལོར། “ཆེད་ལས་དང་རིག་ཚན་འཛུགས་སྐྱོང་གི་སྔོན་ཐོན་ལས་དོན་པ”ཡི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2005ལོར། ཏུང་ཧྭ་བཟོ་རྩལ་སློབ་ཆེན་གྱི“མི་སྣ་གསུམ”གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད། 

དཔྱད་གཞིའི་ཡིག་ཆ།