སྤྱི་ལོ1978ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ7པའི་བར། ཧེ་ལུང་ཅང་སློབ་ཆེན་གྱི་རྫས་འགྱུར་ཚན་ཁག་ནས་རང་བྱུང་རིག་པའི་ཤེས་རམས་པའི་བསླབ་གནས་བླངས།
སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ12པའི་བར། ཅི་ལིན་སློབ་ཆེན་གྱི་རིགས་གཞུང་རྫས་འགྱུར་རིག་པའི་ཞིབ་འཇུག་ཁང་དུ་རབ་འབྱམས་པའི་བསླབ་གནས་བླངས།
སྤྱི་ལོ1984ལོའི་ཟླ12པ་ནས་སྤྱི་ལོ1987ལོའི་ཟླ12པའི་བར། ཐད་ཀར་འབུམ་རམས་པའི་བསླབ་གནས་སློབ་སྦྱོང་བྱེད་པར་བསྒྱུར་ནས་རང་བྱུང་རིག་པའི་འབུམ་རམས་པའི་བསླབ་གནས་བླངས།
སྤྱི་ལོ1984ལོའི་ཟླ12པར། ཅི་ལིན་སློབ་གྲྭ་ཆེན་མོའི་རིགས་གཞུང་རྫས་འགྱུར་ཞིབ་འཇུག་ཁང་དུ་སློབ་ཁྲིད་གནང་བར་ཕེབས།
སྤྱི་ལོ1988ལོའི་ཟླ1ནས་སྤྱི་ལོ1990ལོའི་ཟླ1བར། ཅི་ལིན་སློབ་ཆེན་གྱི་རྫས་འགྱུར་རིག་པའི་འབུམ་རམས་ཕྱི་ཚར་སྐོར་སྐྱོད་ས་ཚིགས་ནས་འབུམ་རམས་ཕྱི་ཚར་འགྲིམས། ཁྲང་ཁྲུན་གྲོང་ཁྱེར་འབུམ་རམས་ཕྱི་ཚར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས།
སྤྱི་ལོ1991ལོའི་ཟླ1ནས་སྤྱི་ལོ1996ལོའི་ཟླ6བར། ཅི་ལིན་སློབ་ཆེན་རིགས་པའི་གཞུང་ལུགས་རྫས་འགྱུར་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་གཞོན་པར་འཕར། །
སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1993ལོའི་ཟླ8པའི་བར། ཨ་རིའི་ཡ་ལི་སང་ན་ཀྲོའུ་བཙུགས་སློབ་ཆེན་གྱི་རྫས་འགྱུར་ཚན་ཁག་ཏུ་སློབ་སྦྱོང་དུ་ཕྱིན།
སྤྱི་ལོ1996ལོའི་ཟླ6པ་ནས་ད་བར་དུ། ཅི་ལིན་སློབ་ཆེན་རིགས་པའི་གཞུང་ལུགས་རྫས་འགྱུར་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཡིན།
སྤྱི་ལོ1996ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ8པའི་བར། ཞང་ཀང་སློབ་ཆེན་གྱི་རྫས་འགྱུར་ཚན་ཁག་ཏུ་འཚམས་འདྲི་ལ་ཕེབས།
སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1993ལོའི་ཟླ8པའི་བར། ཅི་ལིན་སློབ་ཆེན་རིགས་པའི་གཞུང་ལུགས་རྫས་འགྱུར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2001ལོའི་ཟླ5བར། ཅི་ལིན་སློབ་ཆེན་གྱིས་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དུ་གདན་འདྲེན་ཞུས།
སྤྱི་ལོ2004ལོའི་ཟླ2པ་ནས་སྤྱི་ལོ2008ལོའི་ཟླ11པའི་བར། ཅི་ལིན་སློབ་ཆེན་རིགས་པའི་གཞུང་ལུགས་རྫས་འགྱུར་རྩིས་རྒྱག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།
སྤྱི་ལོ2008ལོའི་ཟླ11པ་ནས་ད་བར་དུ། ཅི་ལིན་སློབ་ཆེན་གྱི་རིགས་པའི་གཞུང་ལུགས་རྫས་འགྱུར་རྩིས་རྒྱག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།
ཅི་ལིན་ཞིང་ཆེན་གྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཅི་ལིན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་སྲིད་གྲོས་ཨུ་ཡོན། ཁྲང་ཁྲུན་གྱི་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྱི་ཅི་ལིན་ཞིང་ཆེན་སྐབས་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན།
སྤྱི་ལོ2017ལོའི་ཟླ1ཚེས10ཉིན། ཁྲང་ཁྲུན་གྲོང་ཁྱེར་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གྲོལ་བ་དང་། ཀྲང་ཧུང་ཞེན་ཁྲང་ཁྲུན་གྲོང་ཁྱེར་སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།
སྤྱི་ལོ2017ལོའི་ཟླ6ཚེས་27ཉིན་ནས་ཚེས28ཉིན་བར། དགུ་གསུམ་སློབ་ཚོགས་ཅི་ལིན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཁྲང་ཁྲུན་དུ་འཚོགས་པ་དང་། དགུ་གསུམ་སློབ་ཚོགས་ཅི་ལིན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲང་ཧུང་ཞེན་དགུ་གསུམ་སློབ་ཚོགས་ཅི་ལིན་ཞིང་ཆེན་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བདམས།
ཅི་ལིན་ཞིང་ཆེན་རྫས་འགྱུར་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། དངོས་ལུགས་རྫས་འགྱུར་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན།
《མཐོ་རིམ་སློབ་གྲྭའི་རྫས་འགྱུར་རིག་པའི་རིག་དེབ》གྱི་རྩོམ་སྒྲིག་ཨུ་ཡོན།
ཞིབ་འཇུག་སློབ་མའི་བསླབ་གནས་སློབ་ཁྲིད《ཚོགས་དཔྱད་སོགས་ཀྱི་ཚད་རྡུལ་རྫས་འགྱུར་ཁྲོད་ཀྱི་བཀོལ་སྤྱོད》
གཙོ་བོར་ཆ་རྡུལ་མ་ལག་གི་ཕན་ཚུན་ནུས་པ་ཞན་པ་དང་། སྐུལ་སྐྱེད་རྣམ་པའི་ཚད་རྡུལ་རྫས་འགྱུར་དང་འོད་འཕྲོ་རྒྱུ་ཆ་གསར་པའི་ཇུས་འགོད། སྐྱེ་དངོས་མ་ལག་གི་རྩིས་འཁོར་ལད་ཟློས་སོགས་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་བཞིན་ཡོད།
རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་སྟེང་ཞིབ་འཇུག་དཔྱད་རྩོམ120ལྷག་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོས་ཐེངས600ལྷག་ལ་ལུང་འདྲེན་བྱས་ཡོད། སྔ་རྗེས་སུ་ཚན་རྩལ་པུའུ་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་ཡི་ཐེབས་རྩའི་རྣམ་གྲངས་ཁག11གཙོ་སྐྱོང་བྱེད་པའམ་ཡང་ན་འགན་འཁུར་ཡོད།
སྤྱི་ལོ2007ལོའི་ཟླ12པར། 《ཆ་རྡུལ་ནས་རྒྱུ་ཆའི་བར་གྱི་རྫས་འགྱུར་ཕྲ་མཐོང་བརྒྱུད་རིམ་གྱི་གཞུང་ལུགས་འཚོལ་ཞིབ》ཅེས་པ་ལ་ཅི་ལིན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་ཐོབ།
སྤྱི་ལོ2007ལོར། ཅི་ལིན་སློབ་ཆེན་གྱི་དགེན་སྤྱོད་སྔོན་ཐོན་མི་སྣར་བདམས།
སྤྱི་ལོ2008ལོར། ཅི་ལིན་ཞིང་ཆེན་གྱི་མཐོ་རིམ་ཆེད་མཁས་པར་བདམས།
སྤྱི་ལོ1998ལོར། ཞང་ཀང་གི་ཆིའུ་ཧྲིའི་ཐེབས་རྩའི་རོགས་དངུལ་ཐོབ།
སྤྱི་ལོ2000ལོར། ཅི་ལིན་ཞིང་ཆེན་གྱི་ན་གཞོན་ཚན་རྩལ་བྱ་དགའ་ཐོབ།
སྤྱི་ལོ2008ལོར། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་རང་བྱུང་ཚན་རིག་བྱ་དགའ་ཨང་དང་པོ་ཐོབ། (བྱ་དགའ་ཐོབ་མཁན་ཨང་ལྔ་པ)