སེར་རྩུད་དགོན་ནམ་ཆུ་ལུང་དགོན་དགའ་ལྡན་དར་རྒྱས་གླིང་ནི་དཔའ་རིས་བོད་རང་སྐྱོང་རྫོང་སེར་རྩུད་གྲོང་རྡལ་གྱི་གུས་ཆུང་གྲོང་སྡེ་རུ་ཆགས་འདུག དགོན་འདི་ནི་ཆིང་རྒྱལ་རབས་སྐབས་ཀྱི་རྒྱ་ཞ་རབ་འབྱམས་པ་བློ་གྲོས་ཀྱིས་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། སྔོན་ཆད་ཐེ་ཏུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་དང་གཅིག་ཡིན་མོད། ཆིང་ཆན་ལུང་རྒྱལ་བོའི་རིང་ལ་དགོན་པར་འགལ་བ་བྱུང་བས་དགེ་འདུག་པ་སྐོར་ཞིག་འབྲོང་ལུང་གི་ཏ་ཡས་ཡུལ་ཚོ་རུ་སོང་ནས་དགོན་པ་ཟུར་དུ་བཙུགས་ཤིང་། དེ་རྗེས་སླར་སེར་རྩུད་དུ་ཕྱིར་ལོག་ནས་དགོན་པ་བཙུགས་པ་རེད། དགོན་དེར་ནང་ཆེན་ལྔ་ཡོད་པ་ནི། ཧྲི་ཀྱཱ་ནང་དང་། ཕུར་རྩ་ནང་། འདན་མའི་ནང་། ཚེམ་མདུ་ནང་། ཀླུ་ཀྱཱ་ནང་བཅས་སོ། །ང་བརྒྱད་ལོར་གཏོར་བརླག་ཐེབས་པ་དང་། 1982ལོའི་ཟླ11པའི་ཚེས7ཉིན་ལ་སླར་སྒོ་ཕྱེས་པ་ཡིན། ད་ལྟ་གྲྭ་བ4ཡོད།
古城寺原名“赛什斯寺”,也称“祝隆寺”,最初由清加夏然坚巴罗哲修建。该寺本与下文将要介绍的东大寺同属一寺,乾隆二年(1737年)因寺内产生矛盾,部分僧人外迁至今永登县大有乡旧号沟另立寺院,其后又返迁至今天的赛什斯镇下古城村。寺内原有活佛囊谦(驻地)5座,分别是:释迦囊、菩萨囊、丹玛囊、钱多囊、鲁迦囊。1958年,寺院被毁。1982年11月7日(农历九月二十二日),重新修建并开放。现有僧人4人。