ངལ་རྩོལ་ནུས་ཤུགས་ཀྱི་མ་གནས།སྔ་མའི་པར་གཞི་དེ མགོན11  ནས 2025-09-17 13:42ལ་འགྲུབ།

ངལ་རྩོལ་ནུས་ཤུགས་ཀྱི་མ་གནས།

ངལ་རྩོལ་ནུས་ཤུགས་ཀྱི་མ་གནས(labor costthe cost of labor)ཞེས་པ་ནི་ཁེ་ལས (ལས་ཁུངས)ཀྱིས་ངལ་རྩོལ་ནུས་ཤུགས་དང་། ངལ་རྩོལ་བྱ་ཡུལ། ངལ་རྩོལ་བྱེད་ཐབས། སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་གླ་པར་བཏང་བའི་འགྲོ་གྲོན་དང་མ་དངུལ་སོགས་ལ་ཟེར་བ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོས་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་གྲུབ་པ་ནི་ངལ་རྩོལ་ཞིབ་རྩིས་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ནི་ཁེ་ལས(ལས་ཁུངས)ཀྱིས་སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་གླས་པའི་དབང་གིས་བཏང་བའི་འགྲོ་གྲོན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劳动力成本
ཕྱི་ཡིག་གི་མིང་།
labor cost;the cost of labor
ངོ་སྤྲོད།
ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་གླས་པའི་དབང་གིས་བཏང་བའི་འགྲོ་གྲོན།
1 རྒྱལ་སྤྱིའི་གཏན་འབེབས།

རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས(ILO)ཡི་གཏན་འབེབས་ལྟར་ན། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ཀྱི་ཁྱབ་ཁོངས་དེ་གླ་ཕོགས་ལས་ཆེ་བ་ཡོད་པ་དང་། དེའི་ནང་དངུལ་ལོར་གྱི་རྣམ་པའི་ཐོག་ནས་མཚོན་པའི་གླ་ཕོགས་དང་ཕོགས་ཐོབ་ཚུད་པ་མ་ཟད། ད་དུང་དངོས་པོའམ་ཡང་ན་མངོན་མིན་རྣམ་པའི་ཐོག་ནས་མཚོན་པའི་ཕན་བདེ་དཔེར་ན། དངོས་པོ་སྤྲོད་པ་དང་། སྤྱི་ཚོགས་འགན་སྲུང་། ལག་རྩལ་གསོ་སྦྱོང་སོགས་ཚུད་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ནི་ངལ་རྩོལ་པར་ཡོད་པའི་ཐོབ་ཆའི་བསྡོམས་འབོར་ཡིན། ཐོན་ལས་ཀྱི་འགྲན་རྩོད་ནུས་པར་ཞིབ་འཇུག་བྱེད་པར་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ལས་གཞན་ད་དུང་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ལ་བསམ་གཞིགས་བྱེད་དགོས།

2 བྱེད་ལས།

རྩིས་གཞི་རེའི་ངལ་རྩོལ་མ་གནས(ULC)རྩིས་བརྒྱབ་པ་བརྒྱུད་ཐོན་ལས་ཤིག་གམ་རྒྱལ་ཁབ་ཅིག་གི་མ་གནས་ཀྱི་བཟང་ཆ་མཚོན་ཐུབ། རྩིས་གཞི་རེའི་ངལ་རྩོལ་མ་གནས་ཀྱི་མཚན་ཉིད་ནི་ཆ་སྙོམས་ཀྱི་ངལ་རྩོལ་ཐོབ་ཆས་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཀྱི་བསྡུར་ཚད་ཡིན།

3 མཚན་ཉིད།

ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་འགྱུར་ལྡོག་བྱུང་བ་དེས་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་འབྲེལ་བར་ཤུགས་རྐྱེན་ཐེབས་ཚུལ་ལ་དབྱེ་ཞིབ་བྱས་ན་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་ཤུགས་རྐྱེན་ཐེབས་ཚུལ་དང་། ཏང་དང་སྲིད་གཞུང་རིམ་པ་ཁག་གིས་ངལ་རྩོལ་སྲིད་ཇུས་གཏན་འབེབས་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་ཐུབ། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ཞིབ་རྩིས་བྱེད་པའི་དམིགས་ཚད་ལྟེ་བ་ནི་ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་མ་གནས་ཡིན། ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་མ་གནས་ནི་ཁེ་ལས་(ལས་ཁུངས)ཁག་གིས་དུས་ཡུན་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་གྲངས་འབོར་ངེས་ཅན་ཞིག་གླ་ཆེད་བཏང་བའི་འགྲོ་གྲོན་ཡོངས་རྫོགས་ལ་ཟེར།

4 ​ནང་དོན་གཙོ་བོ།

ངལ་རྩོལ་ནུས་ཤུགས་ཀྱི་སྤྱིའི་མ་གནས་ལ་གཞི་རྩའི་ནང་དོན་བཞི་ཚུད་ཡོད་པ་སྟེ། ལས་བཟོ་པའི་གླ་ཕོགས་བསྡོམས་གྲངས་དང་། ལས་བཟོ་པའི་ཕན་བདེའི་ཐེབས་རྩ། ལས་བཟོ་པའི་འགན་བཅོལ་དངུལ་དང་སྤྱི་གསོག་མ་དངུལ་སོགས་ཡིན།


དཔྱད་གཞིའི་ཡིག་ཆ།