ཅང་ཞི་ཞིང་ཆེན་གྱི་སྒེར་གཉེར་བཟོ་ཚོང་དུད་ཁྱིམ།
སྤྱི་ལོ2023ལོའི་ཟླ7པའི་ཚེས22ཉིན་གྱི་ཆུ་ཚོད16ཙམ་ལ། ཀྲོའུ་ལྭིང་གིས་ནན་ཁྲང་ཟམ་ཆེན་ཀན་ཅང་གཙང་པོའི་ནུབ་ངོགས་སུ་ཆུ་རྐྱལ་བྱེད་སྐབས། གློ་བུར་དུ་མི་ཞིག་གིས་སྐད་ཆེན་པོས“མྱུར་ཏུ་སྲོག་སྐྱོབ་རོགས། མི་ཞིག་ཆུར་ལྷུང་འདུག”ཅེས་བཤད། མཚོ་འགྲམ་དང་བྲལ་བའི་སྨི10ལྷག་ཙམ་གྱི་སར་སྐྱེས་པ་ཞིག་གིས་ཆུ་ངོས་སུ་འཕག་འཚག་དྲག་པོ་རྒྱག་བཞིན་མགོ་བོའང་ཆུར་འཛུལ་བར་ཉེ་ཞིང་། ལག་པ་གཉིས་ས་གཡུགས་གནམ་གཡུགས་བྱེད་བཞིན་ཡོད། ཀྲོའུ་ལྭིང་གིས་མྱུར་དུ་བདེ་འཇགས་དབུགས་ལྒང་ཁྱེར་ནས་ཆུ་ནང་དུ་རྒྱུགས། ཁོ་རང་ཆུར་ནུབ་པའི་སྐྱེས་པའི་ཉེ་སར་བཅར་སྐབས། ཕ་རོལ་པོར་དྲན་ཤེས་གསལ་བོ་མེད་པ་དང་། རང་འགུལ་གྱིས་བདེ་འཇགས་དབུགས་ལྒང་འཛིན་མི་ཐུབ་པ་ཤེས། ཉེན་ཁ་ཆེ་བའི་སྐབས་སུ་ཀྲོའུ་ལྭིང་གིས་ཐད་ཀར་བདེ་འཇགས་དབུགས་ལྒང་གཡུགས་ནས་ཆུ་ནང་དུ་འཛུལ་ཏེ། ལག་པ་གཅིག་གིས་ཆུར་བྱིང་མཁན་བཟུང་བ་དང་ལག་པ་གཅིག་གིས་ཆུར་རྐྱལ། སྟབས་ལེགས་པ་ཞིག་ལ་མཚོ་འགྲམ་དང་བར་ཐག་མི་རིང་བའི་སར་གྲོགས་པོ་དང་བརྩེ་སེམས་ཀྱིས་ཕྱུག་པའི་གྲོང་མི་འགའ་ཡོད་པས་མཉམ་རོགས་འོག་མཚོ་འགྲམ་དུ་བླངས། སྐབས་དེར་ཆུར་ལྷུང་མཁན་གྱི་ངོ་མདོག་སྨུག་པོར་གྱུར་ནས་གནས་ཚུལ་ཚབས་ཆེན་དུ་གྱུར་འདུག
སྐབས་དེར། ཆུ་རྐྱལ་དུ་སླེབས་མ་ཐག་པའི་ཧྥན་ཧུང་མིན་གྱིས་མགྱོགས་མྱུར་ངང་གྲོང་མི་ཚོར120ལ་ཁ་པར་གཏོང་དུ་བཅུག་པའི་ཞོར་དུ། ཆུར་ལྷུང་བའི་སྐྱེས་པར་སྲོག་སྐྱོབ་པའི་གྲ་སྒྲིག་བྱས། གློ་སྙིང་སླར་ལྡིང་དུ་བཅུག་པ་དང་དབུགས་ཀྱི་རྒྱུ་བ་སངས་བར་བྱས་པ། ཁ་སྣར་བདག་བྱས་པ་སོགས་བྱས་པས་སྐྱེས་པ་དེའི་ངོ་མདོག་ཇེ་དགའ་རུ་ཕྱིན། དེ་ནས་རིམ་བཞིན་ཁོའི་དབུགས་ཀྱི་འབྱིན་རྔུབ་རྒྱུན་ལྡན་དུ་གྱུར་ནས་སྐྱོབ་ཐུབ་པ་བྱུང་།
སྤྱི་ལོ2023ལོའི་ཟླ10པའི་ཚེས9ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ2023ལོའི་དུས་ཚིགས་གསུམ་པའི་བདེན་འཛིན་དཔའ་བོ་མིང་ཐོའི་ནང་བདམས་པ་རེད།