སྤྱི་ལོ1911ལོའི་ཟླ10པའི་ཚེས10ཉིན། ཝུའུ་ཁྲང་འོས་ལངས་ལངས་ཤིང་། ལིའུ་ཅཱ་ཆི་སློབ་མའི་དམག་ལ་ཞུགས། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ(ལོ་རྒྱུས་ཐོག་དབྱང་ཞཱ་དམག་འཁྲུག་ཅེས་འབོད)ཁྲོད། ལིའུ་ཅཱ་ཆི་དམག་དཔུང་དང་མཉམ་དུ་ཧོང་ཀྲོའུ་རུ་བཅའ་སྡོད་བྱས།
སྤྱི་ལོ1926ལོར་རྒྱལ་དམངས་གསར་བརྗེ་དམག་གི་ཅུན4པའི་སྒྱོགས་དམག་ཐོན་དང་པོའི་ཐོན་ཀྲང་གི་འགན་བཞེས།
སྤྱི་ལོ1931ལོར་ཅུན9པའི་ཧྲི54པའི་ཧྲའོ་ཅང་དྲག་ཇུས་དམག་དཔོན་གྱི་འགན་བཞེས། རྗེས་སུ་སྔ་རྗེས་སུ་ལུའི་ཀྲང་དང་ཧྲི་ཀྲང་གི་འགན་བཞེས། དེའི་རིང་སྐམ་དམག་སློབ་ཆེན་དུ་སློབ་སྦྱོང་བྱས་མྱོང་།
སྤྱི་ལོ1937ལོའི་ཟླ7པའི་ཚེས7ཉིན། འཇའ་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་ལངས་ཤིང་། ལིའུ་ཅཱ་ཆི་ཡིས་ཟླ9པའི་ཟླ་སྟོད་དུ་དམག་དཔུང་ཁྲིད་དེ་བྱང་ཕྱོགས་སུ་འཇའ་འགོག་བྱས་པ་དང་། ཟླ10པར་ཧྲན་ཞི་ཞིན་ཁོའུ་ཡི་གཡུལ་སར་འབྱོར་ནས་ཐའེ་ཡོན་མཉམ་འཐབ་ལ་ཞུགས།
ཟླ10པའི་ཚེས11ཉིན་ས་ངོས་ཀྱི་དམག་འཐབ་འགོ་ཚུགས་པ་རེད། འཇའ་དམག་གིས་དམག་དཔུང་གི་གོ་ཧྲག་ཅན་པན་ཡོན་ཧྲི་ཐོན་ལྔ་བ་གཙོ་ཤུགས་བྱས་ཏེ། མེ་སྒྱོགས་དང་ཐན་ཁེ་ལ་བརྟེན་ནས་ཧྲི54ཡི་གཡུལ་སར་སྨྱོ་ཧམ་ཆེན་པོས་ཕར་རྒོལ་བྱས། དགྲ་བོའི་མདུན་དུ་ལིའུ་ཅཱ་ཆི་ཡིས་གཡུལ་སར་དམག་ཁྲིམས་ལེགས་སྒྲིག་བྱས་ཏེ་གཏམ་བཤད་སྤེལ་ནས་དམག་མིའི་ངར་ཤུགས་འཕེལ་བ་དང་དམག་མི་ཁྲིད་དེ་འཇར་པན་ཇག་དམག་དང་དམར་འཛིང་བྱས་ཏེ་འཇའ་དམག་གི་ཚུར་རྒོལ་ཐེངས་མང་ཕྱིར་ཟློག་བྱས། གཡུལ་ས་ཐེངས་ཁ་ཤས་ལས་སླ་མོས་བླངས། ཕྱོགས་གཉིས་ཀས་ཐ་ན་གྲིས་གཙེགས་རེ་བྱས་པ་སོགས་ཀྱི་དམག་འཐབ་ཧ་ཅང་ཡིད་སྐྱོ་བ་ཞིག་བྱས། ཧྲི54ཡི་དཔོན་དམག་ལ་ཤི་རྨས་ཆེན་པོ་བྱུང་ཡང་ལིའུ་ཅཱ་ཆིའི་བཀོད་འདོམས་འོག་སྔར་བཞིན་དཔའ་ངར་ཆེན་པོས་དགྲ་བོ་བསད། ཚེས16ཉིན། ལིའུ་ཅཱ་ཆི་ལ་གཡུལ་སའི་ལྟ་སྐུལ་དམག་འཁྲུག་སྐབས་མདེའུ་ཕོག་ནས་དཔའ་ངར་ཆེན་པོས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་བཏང་བ་རེད།