“འཁྱུན་བུའི་རུལ་རྒོལ”ཞེས་པ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པར་འཁྱུན་བུར་བརྟེན་པར་ཟེར་བ་དང་། དེ་ནི“རྐུན་མའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི”བཤད་ཚུལ་དང་མཚུངས། དེ་ནི་འཁྱུན་བུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དོན་རྐྱེན་ཁ་ཤས་ཁྲོད་ཀྱི་ནུས་པ་ལ་ཟེར། དེར་བརྟེན། མི་རྣམས་ཀྱིས“འཁྱུན་བུའི་རུལ་རྒོལ”ཞེས་པའི་ཐ་སྙད་འདི་སྤྱད་དེ་འཁྱུན་བུས་རུལ་རྒོལ་དོན་རྐྱེན་འདི་དག་གི་ཁྲོད་དུ་ཐོན་པའི་ནུས་པ་མཚོན།
སྤྱི་ལོ2012ལོའི་ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ་དང་། ཚོགས་འདུ་གྲོལ་རྗེས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུའུ་ཡི་ཅུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པའི་མཱ་ཧྲེང་གིས་གླེང་མོལ་དང་ལེན་གནང་སྐབས། “འཁྱུན་བུའི་རུལ་རྒོལ”ཞེས་ཤོད་རྒྱུར་དེ་འདྲའི་མོས་མཐུན་མེད། གལ་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་འཁྱུན་བུར་བརྟེན་དགོས་ཚེ་ད་ལྟ་འདི་ལྟ་བུའི་གྲུབ་འབྲས་ཆེན་པོ་ཐོབ་དཀའ་ཞེས་བཤད། རྗེས་སུ། ཐ་སྙད་དེ་དྲ་རྒྱའི་སྟེང་འཚོལ་ཞིབ་བྱེད་པའི་ཐ་སྙད་ཅིག་ཏུ་གྱུར་ཡོད།
“འཁྱུན་བུའི་རུལ་རྒོལ”ལས་ལམ་ལུགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཉམས་ཞན་མཚོན་ཡོད། “འཁྱུན་བུའི་རུལ་རྒོལ”ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་ཐོན་དངོས་ཤིག་ཡིན། འོན་ཀྱང་འཕེལ་ཕྱོགས་ཤིག་མིན། དེའི་གོ་ཆོད་རང་བཞིན་མཐོ་ལ་ནུས་པའང་ཧ་ཅང་ཆེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁྲོད་དམིགས་བསལ་གྱི་མི་སྣ་ཞིག་འཁྲབ་བཞིན་ཡོད། དེའི་དམིགས་བསལ་རང་བཞིན་དང་གལ་ཆེན་རང་བཞིན་མེད་པར་བཟོ་མི་རུང་། འོན་ཀྱང་དེས་ཀྱང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་འགྱུར་ལྡོག་གཏོང་བའི་གནད་དོན་མང་པོ་འབྱུང་སྲིད།