སྤྱི་ལོ1037ལོར་སི་ཕེན་རྒྱལ་བོའི་རྒྱལ་ཁབ་གཅིག་གྱུར་བྱས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2025-08-25 09:54ལ་འགྲུབ།
དུས་རབས11པའི་དུས་འགོར། སི་ཕེན་ཕྱེད་གླིང་དེ་དབུས་ལྷོ་རྒྱུད་ཀྱི་ཨི་ཟི་ལམ་མཁར་གྲོང་དང་། དེ་བཞིན་བྱང་རྒྱུད་ཀྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱལ་བོ་ཁ་ཤས་ཀྱིས་བགོས་ཡོད། སྤྱི་ལོ1037ལོར། ཁཱ་སི་ཏི་ལི་ཡཱ་རྒྱལ་ཁབ(卡斯蒂利亚国)ཀྱི་ཧྥེ་ཏི་ནན(斐迪南)གྱིས་ཡབ་ཆེན་ནས་བཟུང་ཁྱིམ་མཚེས་རྒྱལ་ཁབ་ལའེ་ཨང(莱昂)དབང་དུ་བསྡུ་བའི་བྱ་གཞག་ལེགས་འགྲུབ་བྱས། སྤྱི་ལོ1072ལོར་སླེབས་དུས། ཧྥེ་ཏི་ནན་གྱི་བུ་ཨ་ཧྥང་སུའོ་སྐུ་ཕྲེང་དྲུག་པས(阿方索六世)ད་གཟོད་བློ་སྟོབས་ཆེན་པོས་ལྷོ་ཕྱོགས་ཀྱི་ཨི་ཟི་ལམ་བཙན་དབང་ལ་མུ་མཐུད་དུ་འགྲན་སློང་བྱས། ལོ་ངོ་400ཡི་རྩོད་རྙོག་བརྒྱུད། མཐར་སྤྱི་ལོ1492ལོར་ཨི་ཟི་ལམ་གྱི་རྒྱལ་བོ་ཀུ་ལཱ་ནཱ་ཏཱ(格拉纳达)དབང་དུ་བསྡུས།