ཁྲོམ་ར་མ་ལགསྔ་མའི་པར་གཞི་དེ གནམ་ལྷ།NL1213  ནས 2025-08-21 08:43ལ་འགྲུབ།

ཁྲོམ་ར་མ་ལག

སྤྱི་ཚོགས་ཅན་དུ་འགྱུར་བའི་ཐོན་སྐྱེད་ཆེན་པོ་འཕེལ་རྒྱས་གང་ལེགས་འགྲོ་བའི་རྨང་གཞི་ཐོག་ཁྲོམ་ར་སྣ་ཚོགས་ཀྱིས་གྲུབ་པའི་སྐྱེ་ལྡན་འབྲེལ་བའི་སྤྱི་ཡོངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场体系
ཕྱི་ཡིག་གི་མིང་།
market system
ཁོངས་གཏོགས།
ཚན་རིག
རིག་ཚན།
དཔལ་འབྱོར་རིག་པ།
ངོ་བོ།
དཔལ་འབྱོར་གཞུང་ལུགས།
1 འགྲེལ་བ། 

སྤྱི་ཚོགས་ཅན་དུ་འགྱུར་བའི་ཐོན་སྐྱེད་ཆེན་པོ་འཕེལ་རྒྱས་གང་ལེགས་འགྲོ་བའི་རྨང་གཞིའི་ཐོག་ཁྲོམ་ར་སྣ་ཚོགས་ཀྱིས་གྲུབ་པའི་སྐྱེ་ལྡན་འབྲེལ་བའི་སྤྱི་ཡོངས་ཤིག་ཡིན། དེའི་ནང་འཚོ་བའི་རྒྱུ་ཆའི་ཁྲོམ་ར་དང་། ཐོན་སྐྱེད་རྒྱུ་ཆའི་ཁྲོམ་ར། ངལ་རྩོལ་པའི་ཁྲོམ་ར། དངུལ་རྩའི་ཁྲོམ་ར། ལག་རྩལ་ཁྲོམ་ར། ཆ་འཕྲིན་ཁྲོམ་ར། བདག་དབང་ཁྲོམ་ར། ཁང་བའི་ས་ནོར་གྱི་ཁྲོམ་ར་སོགས་ཚུད་ཡོད། དེ་དག་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ཚོད་འཛིན་བྱས་ནས་སྤྱི་ཚོགས་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད། གསོ་སྐྱོང་དང་གོང་འཕེལ་གཅིག་གྱུར། སྒོ་འབྱེད། འགྲན་རྩོད། གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན།     ཁྲོམ་ར་མ་ལག་ནི་ཕན་ཚུན་འབྲེལ་བ་ཡོད་པའི་ཁྲོམ་ར་སྣ་ཚོགས་ཀྱི་སྐྱེ་ལྡན་གཅིག་གྱུར་གྱི་གྲུབ་ཆ་ཞིག་ཡིན།    

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་ཅན། ཁྲོམ་ར། རྒྱུ་ཆ།