དེང་རབས་ཀྱི་ཁེ་ལས་ལམ་ལུགས།སྔ་མའི་པར་གཞི་དེ གནམ་ལྷ།NL1213 ནས 2025-08-21 08:43ལ་འགྲུབ།
ཁེ་ལས་ཁྲིམས་མི་ལམ་ལུགས་འཐུས་ཚང་དུ་གཏོང་བ་རྨང་གཞི་དུ་བྱེད་པ་དང་། ཚད་ཡོད་འགན་འཁྲི་ལམ་ལུགས་ཁག་ཐེག་བྱེད་པ། ཀུང་སིའི་ཁེ་ལས་གཙོ་བོར་བྱས་ནས་གྲུབ་པ་དང་། ཐོན་དབང་ཁ་གསལ་དང་། འགན་དབང་གསལ་བ། སྲིད་འཛིན་དང་ཁེ་ལས་ཁ་བྲལ་དབྱེ་བ། དོ་དམ་ཚན་རིག་བཅས་ཆ་རྐྱེན་གྱིས་ཁེ་ལས་རྣམ་པ་གསར་བའི་ལམ་ལུགས་ཡིན། དེའི་ནང་དོན་གཙོ་བོ་ལ་ཁེ་ལས་ཁྲིམས་མི་ལམ་ལུགས་དང་། ཁེ་ལས་ཀྱི་ཁེ་གྱོང་རང་ཁུར་ལམ་ལུགས། མ་དངུལ་གཏོང་མཁན་གྱི་ཚད་ཡོད་འགན་འཁྲི་ལམ་ལུགས། ཚན་རིག་དང་མཐུན་པའི་འགོ་ཁྲིད་སྒྲིག་སྲོལ་དང་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་བཅས་ཚུད་ཡོད།