སྒེར་སྡེམ།སྔ་མའི་པར་གཞི་དེ གནམ་ལྷ།NL1213 ནས 2025-08-21 08:43ལ་འགྲུབ།
དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་རྒྱལ་ཁབ་ཁྲོད། ཁེ་ལས་ཆེ་བ་ཉུང་ཤས་སམ་ཁེ་ལས་འགའ་ཞིག་གིས་ཚོད་འཛིན་ཀྱི་ཚོང་ཟོག་ག་གེ་མོ་ཞིག་(ཁ་ཤས་)མང་ཆེ་བ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ནས་ཚད་བརྒལ་ཁེ་སྤོགས་ཐོབ་པ་ནི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། རང་མོས་འགྲན་རྩོད་ཁྲོད་བྱུང་བའི་ཐོན་སྐྱེད་གཅིག་སྡུད་དང་། ཐོན་སྐྱེད་གཅིག་སྡུད་འཕེལ་རྒྱས་ངེས་ཅན་ཞིག་ལ་སླེབས་ཚེ་སྒེར་སྡེམ་བྱུང་། སྒེར་སྡེམ་གྱིས་རང་མོས་འགྲན་རྩོད་ཀྱི་ཚབ་བྱེད་ཡོད་མོད། འོན་ཀྱང་འགྲན་རྩོད་རྩ་མེད་དུ་གཏོང་མི་ཐུབ། དེ་ལས་ལྡོག་སྟེ་འགྲན་རྩོད་ལ་སྔར་བས་གདུག་རྩུབ་ཆེ་བ་དང་རྣོ་ངར་ཆེ་བའི་ངོ་བོ་ལྡན་དུ་འཇུག་གི་ཡོད།