མ་རྐང་ཀུང་སི།སྔ་མའི་པར་གཞི་དེ གནམ་ལྷ།NL1213 ནས 2025-08-21 09:03ལ་འགྲུབ།
མ་དངུལ་དེའི་ཐུན་མོང་གི་མ་དངུལ་འཇོག་མཁན་གྱིས་ནང་བཤུག་གཏོང་ཆོག་པའི་རྐང་འཛིན་ཀྱི་རྣམ་པའི་ཐོག་ནས་ཡོད་པའི་ཁེ་ལས་ལ་ཟེར། མ་རྐང་ཀུང་སི་ནི་བརྒྱུད་བགྲོད་ཀྱི་འགྲེམས་སྤེལ་རྐང་འཛིན་དང་གཞན་དག་འཛིན་ཤོག་རྒྱུད་ནས་ཁ་ཐོར་གྱི་མ་རྩ་གཅིག་སྡུད་ཀྱིས་གཉེར་སྐྱོང་བྱེད་པའི་ཁེ་ལས་རྩ་འཛུགས་ཀྱི་རྣམ་པ་ཞིག་རེད། དུས་རབས་18པར་ཡོ་རོབ་ནས་བྱུང་བ་དང་། དུས་རབས་19ཡི་དུས་མཇུག་ཏུ་འཛམ་གླིང་གི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཏུ་རྒྱ་ཁྱབ་ཏུ་དར་ཡོད། མིག་སྔའི་བར་དུ་མ་རྐང་ཀུང་སིས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲོད་དུ་དབང་བསྒྱུར་ཀྱི་གོ་གནས་བཟུང་ཡོད།