ས་གཞིའི་རིན་གོང་།སྔ་མའི་པར་གཞི་དེ གནམ་ལྷ།NL1213 ནས 2025-08-21 09:03ལ་འགྲུབ།
ཉོ་ཚོང་ས་ཆའི་རིན་གོང་། རང་བྱུང་གི་དངོས་པོ་ཡིན་པའི་ས་ཞིང་ལ་རིན་ཐང་མེད། འོན་ཀྱང་ཉོ་ཚོང་བྱ་ཡུལ་དུ་གྱུར་ན་རིན་གོང་ཡོད། དེའི་ཆེ་ཆུང་ནི་ས་བོགས་ཀྱི་གྲངས་འབོར་མང་ཉུང་དང་སྐྱེད་ཀའི་ཚད་མཐོ་དམན་ལ་རག་ལས་ཡོད། སྤྱི་འགྲོས་ནི། ས་གཞིའི་རིན་གོང=ས་བོགས་ཀྱི་གྲངས་འབོར/སྐྱེད་ཀའི་ཚད་ཡིན། མ་རྩ་རིང་ལུགས་ཀྱི་ཆ་རྐྱེན་འོག་ནས། ས་གཞིའི་རིན་གོང་ཡར་འཕར་བའི་འཕེལ་ཕྱོགས་ཡོད།