རྙིང་ཕབ།སྔ་མའི་པར་གཞི་དེ གནམ་ལྷ།NL1213 ནས 2025-08-21 09:03ལ་འགྲུབ།
གཏན་འཇགས་མ་རྩ་ཡི་བརྡར་ཟད་ཐེབས་ཚད་ལ་རིན་ཐང་ཁ་གསབ་བྱེད་པའི་བྱེད་ཐབས་ཤིག་ཡིན། འཕྲུལ་ཆས་སྒྲིག་ཆས་དང་།བཟོ་ཁང་སོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱུ་ནོར་མ་རྩ་ནི་དངོས་ཟོག་གི་གཟིགས་དབྱིབས་ཐོག་ཡུན་རིང་བེད་སྤྱོད་བྱས་ཆོག་པ་དང་དེའི་རིན་ཐང་བརྡར་ཟད་ཐེབས་ཚད་ལ་གཞིགས་ནས་རིམ་བཞིན་ཐོན་རྫས་གསར་པའི་ནང་སྤོ་སྒྱུར་བྱེད་པ་མ་ཟད། ཕྱིར་འཚོང་ཡོང་འབབ་ཁྲོད་ནས་དུས་ཐོག་ཏུ་བླངས་ནས་གསོག་འཇོག་བྱས་ཏེ་འབྱུང་འགྱུར་གསར་སྒྱུར་དང་སླར་གསོའི་གཏན་འཇགས་མ་རྩ་ལ་གྲ་སྒྲིག་བྱེད་དགོས།