དཔལ་འབྱོར་ཉམས་ཉེན།སྔ་མའི་པར་གཞི་དེ གནམ་ལྷ།NL1213  ནས 2025-08-21 08:43ལ་འགྲུབ།

དཔལ་འབྱོར་ཉམས་ཉེན།

ཐོན་སྐྱེད་བལྟོས་བཅས་ཀྱིས་ལྷག་དྲགས་པའི་ཉམས་ཉེན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济危机
ཕྱི་ཡིག་གི་མིང་།
economic crisis
ཁོངས་གཏོགས།
ཚན་རིག
རིག་ཚན།
དཔལ་འབྱོར་རིག་པ།
ངོ་བོ།
དཔལ་འབྱོར་གཞུང་ལུགས།
1 འགྲེལ་བ། 

ཐོན་སྐྱེད་བལྟོས་བཅས་ཀྱིས་ལྷག་དྲགས་པའི་ཉམས་ཉེན་ཡིན། འབྱུང་རྩ་ནི་མ་རྩ་རིང་ལུགས་ཀྱི་གཞི་རྩའི་འགལ་བ་སྟེ། ཐོན་སྐྱེད་སྤྱི་ཚོགས་ཅན་དང་ཐོན་སྐྱེད་རྒྱུ་ཆའི་མ་རྩ་རིང་ལུགས་སྒེར་བཟུང་བར་གྱི་འགལ་བ་ལས་བྱུང་བ་ཡིན། དེ་ནི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ལ་དམིགས་སུ་ཡོད་པའི་སྣང་ཚུལ་ཞིག་རེད། འདིར་ལྷག་དྲགས་པ་ནི་བལྟོས་མེད་ཀྱི་ལྷག་དྲགས་པ་མ་ཡིན་པར། ངལ་རྩོལ་མི་དམངས་ཀྱི་གཏོང་སྤྲོད་ནུས་པ་ཡོད་པའི་དགོས་མཁོ་དང་བལྟོས་བཅས་ཀྱིས་བཤད་པའི་ཉམས་ཉེན་ཞིག་རེད། དཔལ་འབྱོར་ཉམས་ཉེན་ལ་འཁོར་ཡུན་རང་བཞིན་ཡོད།