དངུལ་ལོར་གྱི་འགན་ནུས།སྔ་མའི་པར་གཞི་དེ གནམ་ལྷ།NL1213  ནས 2025-08-21 09:02ལ་འགྲུབ།

དངུལ་ལོར་གྱི་འགན་ནུས།

དངུལ་ལོར་གྱིས་མི་རྣམས་ཀྱི་དཔལ་འབྱོར་འཚོ་བ་ཁྲོད་ཐོན་པའི་ནུས་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
货币职能
ཕྱི་ཡིག་གི་མིང་།
function of money
ཁོངས་གཏོགས།
ཚན་རིག
རིག་ཚན།
དཔལ་འབྱོར་རིག་པ།
ངོ་བོ།
དངུལ་ལོར།
1 འགྲེལ་བ། 

དངུལ་ལོར་གྱིས་མི་རྣམས་ཀྱི་དཔལ་འབྱོར་འཚོ་བ་ཁྲོད་ཐོན་པའི་ནུས་པ། དར་རྒྱས་ཆེ་བའི་ཚོང་རྫས་དཔལ་འབྱོར་ཀྱི་ཆ་རྐྱེན་འོག དངུལ་ལོར་ལ་འགན་ནུས་ལྔ་ཡོད་པ་སྟེ། རིན་ཐང་གནས་ཚད་དང་། འགྲོ་རྒྱུག་བྱེད་ཐབས། གསོག་ཉར་བྱ་ཐབས། གཏོང་སྤྲོད་བྱེད་ཐབས།འཛམ་གླིང་དངུལ་ལོར་བཅས་ཡིན། དེའི་ནང་རིན་ཐང་གནས་ཚད་དང་འགྲོ་རྒྱུག་བྱེད་ཐབས་ནི་དངུལ་ལོར་ཀྱི་གཞི་རྩའི་འགན་ནུས་ཡིན་པ་དང་། འགན་ནུས་གཞན་གསུམ་ནི་ཚོང་རྫས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཁྲོད་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ཞིག་རེད།