གཞི་རྩའི་དཔལ་འབྱོར་ཆོས་ཉིད།སྔ་མའི་པར་གཞི་དེ གནམ་ལྷ།NL1213  ནས 2025-08-21 09:02ལ་འགྲུབ།

གཞི་རྩའི་དཔལ་འབྱོར་ཆོས་ཉིད།

སྤྱི་ཚོགས་ག་གེ་མོ་ཞིག་གི་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཕྱོགས་གཙོ་བོ་དང་། བརྒྱུད་རིམ་གཙོ་བོ ངོ་བོ་བཅས་གཏན་འཁེལ་བྱེད་པའི་ཆོས་ཉིད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
基本经济规律
ཕྱི་ཡིག་གི་མིང་།
basic economic law
ཁོངས་གཏོགས།
ཚན་རིག
རིག་ཚན།
དཔལ་འབྱོར་རིག་པ།
ངོ་བོ།
དཔལ་འབྱོར་གཞུང་ལུགས།
1 འགྲེལ་བ། 

སྤྱི་ཚོགས་ག་གེ་མོ་ཞིག་གི་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཕྱོགས་གཙོ་བོ་དང་། བརྒྱུད་རིམ་གཙོ་བོ་ངོ་བོ་བཅས་གཏན་འཁེལ་བྱེད་པའི་ཆོས་ཉིད་ཡིན། སྤྱི་ཚོགས་གྱི་དཔལ་འབྱོར་དབྱིབས་རྣམ་གང་ཞིག་གི་ཁྲོད། དཔལ་འབྱོར་ཆོས་ཉིད་མང་པོ་ཞིག་ལ་དུས་མཉམ་དུ་ནུས་པ་ཐོན་མོད། འོན་ཀྱང་དེའི་ནང་དུ་དཔལ་འབྱོར་ཆོས་ཉིད་གཅིག་ལས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་མ་ཟད། དཔལ་འབྱོར་ཆོས་ཉིད་གཞན་དག་ལ་ཚོད་འཛིན་བྱེད་བཞིན་ཡོད། དེ་ནི་གཞི་རྩའི་དཔལ་འབྱོར་ཆོས་ཉིད་ཡིན།