མཚོ་སྔོན་པད་མ་སྨར་ཁོག་གཙང་བོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་པད་མ་རྫོང་གི་ཤར་རྒྱུད་དུ་གནས་པ་དང་། འདམ་རའི་སྤྱི་གླིང་ནི་བྱང་པད་མ་རྫོང་དང་དར་ལག་རྫོང་གི་ས་མཚམས་ནས་ལྷོ་པད་མ་རྫོང་ཁོངས་ཀྱི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་མཚམས་བར་ཡིན་པ་དང་། ས་ཁམས་གནས་ཚད་དེ་ཤར་གྱི་གཞུང་ཐིག100°28'~100°49'དང་བྱང་གི་འཕྲེད་ཐིག32°52'~33°15'བར་ཡིན་ལ། ལྷོ་བྱང་གི་རིང་ཚད་སྤྱི་ལེ60.39ཙམ་དང་ཤར་ནུབ་ཀྱི་ཞེང་ཚད་སྤྱི་ལེ0.83ཟིན་པ། སྤྱིའི་རྒྱ་ཁྱོན་སྤྱི་ཆིང1610.74ཟིན་ཡོད།
སྨར་ཁོག་གཙང་བོ་ནི་འབྲི་ཆུའི་ཆུ་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་རྒྱལ་མོ་རྔུལ་ཆུའི་ཆུ་འགོའི་གཙང་པོའི་ཁོངས་སུ་གཏོགས་པ་དང་། གཙང་བོ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུYཡི་དབྱིབས་སུ་ཆགས་ནས་འདམ་རའི་སྤྱི་གླིང་གི་མངའ་ཁོངས་ཡོངས་སུ་ཤར་གཏོང་ཐུབ་ཡོད། འཆར་འགོད་ཁྱབ་ཁོངས་ནང་པད་མ་རྫོང་ཁོངས་སུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཕུད་པའི་སྨར་ཁོག་གཙང་བོ་གཞུང་ཆུ་འབབ་རྒྱུད་ཧྲིལ་པོ་དང་དེའི་ཉེ་འཁོར་གྱི་ཆུ་ངོགས་ཀྱི་ན་ཁ་ཚུད་ཡོད།
སྤྱི་ལོ2021ལོའི་ཟླ12པའི་ཚེས29ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིབ་བཤེར་རྩིས་ལེན་བྱས་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང44ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་པད་མ་སྨར་ཁོག་གཙང་བོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གྲས་སུ་ཚུད་ཡོད།