ཧྥེ་གླིང་བྱང་མ་དང་སི་ཕེན་གྱི་ཨ་ཨེར་མོ་ལཱ་ཝེ་ཏུ་བཙན་རྒྱལ(阿尔摩拉维德帝国)དུས་ཡུན་རིང་པོ་ཞིག་ལ་གནས་ཐུབ་མེད། དུས་རབས12པའི་ལོ་རབས20པར། མོ་རོ་ཁོར་པའེ་པའེ་ཨེར་བའི་ཆོས་ལུགས་ཀྱི་གྲུབ་མཐའ་མི་གཅིག་པའི་ཨ་ཨེར་མོ་ཧཱ་ཏུ་བྱུང་ཞིང་། ཁོ་ཚོས་ཨ་ཨེར་མོ་ལཱ་ཝེ་ཏུས་སི་ཕེན་དུ་འཚོ་བ་རྒྱས་སྤྲོས་དྲགས་པར་སྐྱོན་བརྗོད་གནང་། དེའི་ཕྱིར། ཁོ་ཚོའི་འགོ་ཁྲིད་པ་དབྱི་པིན·ཐུའུ་མཱ་ཐུས(IbnTumart)དམག་དཔུང་སྟོབས་ཆེན་ཞིག་སྒྲིག་འཛུགས་བྱས། སྤྱི་ལོ1147ལོར། ཁོ་ཚོས་ཧཱ་ལི་ཧྥ་ཨ་པུའུ་ཏུའུ་ལེ·མུའུ་མིན(阿布杜勒·慕敏)གྱི་སྣེ་ཁྲིད་འོག ཨ་ཨེར་མོ་ལཱ་ཝེ་ཏུས་མཱ་ལཱ་ཁཱ་ཧྲིར་དབང་སྒྱུར་བྱེད་པ་འཕྲོག་པར་མ་ཟད། མུ་མཐུད་དུ་མོ་རོ་ཁོ་དང་སི་ཕེན་གྱི་ཨི་ཟི་ལམ་དབང་དུ་བསྡུས། སྤྱི་ལོ1163ལོར་སླེབས་དུས། ཨ་པུའུ་ཏུའུ་ལེ·མུའུ་མིན་གྱིས་རྒྱང་ཐག་རིང་བའི་ལི་པི་ཡཱ་ཏུའི་ཏུ་ལི་པོ་ལིའི་ཧྥེ་གླིང་བྱང་ཤར་ས་ཁུལ་དུ་དབང་སྒྱུར་བྱས། ཨ་ཨེར་མོ་ཧཱ་ཏུས་སི་ཕེན་ལ་ལོ་ངོ60ལྷག་ཙམ་ལ་དབང་སྒྱུར་བྱས་མོད། འོན་ཀྱང་ནཱ་ཝ་སི་ཏུ་ཐུའོ་ལུའོ་སཱའི(Las Navas de Tolosa)གཡུལ་འགྱེད་ཁྲོད་ཨ་ཧྥང་སུའོ་སྐུ་ཕྲེང་བརྒྱད་པས(阿方索八世)ཕམ་པར་བྱས།