སྤྱི་ལོ1000ལོ་ནས་སྤྱི་ལོ1200ལོའི་ཧྥེ་གླིང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2025-06-25 08:42ལ་འགྲུབ།
དུས་སྐབས་འདིར། ཧྥེ་གླིང་གིས་བཙན་རྒྱལ་གྱི་དར་རྒུད་བརྒྱུད་ཡོད། དུས་རབས11པའི་དུས་དཀྱིལ་དུ། ནུབ་བྱང་ཕྱོགས་ཀྱི་ཨི་ཟི་ལམ་གྱི་པའེ་པའེ་ཨེར་བ(柏柏尔人)སྟེ་ཨ་ཨེར་མོ་ལཱ་ཝེ་ཏུ་བའི(阿尔摩拉维德人)སྟོབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་པར་མ་ཟད། དམག་འཁྲུག་ཅིག་བསླངས་ཏེ་ཧྥེ་གླིང་ནུབ་མར་དུས་རབས་དུ་མར་དབང་བསྒྱུར་བའི་ཀག་ན་བཙན་རྒྱལ(加纳帝国)ལ་བཙན་འཛུལ་བྱས། དུས་རབས12པའི་ལོ་རབས40པར། ཨ་ཨེར་མོ་ལཱ་ཝེ་ཏུ་བ་རྣམས་ཆོས་ལུགས་ཀྱི་རྐྱེན་གྱིས་ངོ་ལོག་པའི་པའེ་པའེ་ཨེར་ཨ་ཨེར་མོ་ཧཱ་ཏུ་རྒྱལ་རབས་གཞན་ཞིག་གིས་དབང་དུ་བསྡུས། ཧྥེ་གླིང་ཤར་མར་ཨེ་ཅིབ་ཀྱི་ཧྥ་ཏི་མཱ་རྒྱལ་རབས་རླབས་ཆེན་གྱི་དཔའ་བོ་སཱ་ལཱ་ཏིང་གིས་ཀྱིས་མགོ་རྟིང་སློག་པར་མ་ཟད། ཁོང་གིས་ད་དུང་མུ་མཐུད་དམག་འཁྲུག་བསླངས་ནས་ཧྥེ་གླིང་ས་ཁུལ་ཁག་ཅིག་དང་ཡ་གླིང་གི་དབྱི་སི་ལན་འཛམ་གླིང་གཅིག་གྱུར་བྱས།