ཝང་ཕེ་ཞིན།སྔ་མའི་པར་གཞི་དེ མགོན11  ནས 2025-06-24 10:02ལ་འགྲུབ།

ཝང་ཕེ་ཞིན།

ཝང་ཕེ་ཞིན།
ཁོ་ནི་པེ་ཅིང་ཚུའེ་ཧྭ་ལོའུ་བཟའ་བཏུང་དོ་དམ་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་སྤྱི་ཁྱབ་ལྟ་སྐུལ་པ་དང་། དམིགས་བསལ་རིམ་པའི་ལག་རྩལ་པ། ཀྲུང་གོའི་གཡོས་སྦྱོར་སློབ་དཔོན་ཆེན་མོ། ཧྲན་ཏུང་ཚལ་གྱི་རྒྱལ་ཁབ་རིམ་པའི་དམིགས་བསལ་རིམ་པའི་སློབ་དཔོན་ཆེན་མོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王培欣
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
ལས་རིགས།
མ་ཆེན།
གཟི་བརྗིད་གཙོ་བོ།
པེ་ཅིན་གྲོང་ཁྱེར་ཏུང་ཁྲེང་ཆུས་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། ཧྲན་ཏུང་ཚལ་གྱི་རྒྱལ་ཁབ་རིམ་པའི་དམིགས་བསལ་རིམ་པའི་སློབ་དཔོན། སྤྱི་ལོ2023ལོའི་པེ་ཅིང་གི་བཟའ་བཏུང་ཆེན་པོ་བཅུའི་གྲས།སྤྱི་ལོ2024ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1991ལོའི་ཟླ9པ་ནས་སྤྱི་ལོ1992ལོའི་ཟླ6པའི་བར་ཝུའུ་དབྱང་རྫོང་མིང་ཡུའུ་ཚྭ་འགྱུར་ཀུང་སིའི་ལས་བཟོ་བ་ཡིན། 

སྤྱི་ལོ1992ལོའི་ཟླ9པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར་གཞིས་ཀའི་ཟ་ཁང་གི་དགེ་ཕྲུག་ཡིན། 

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2003ལོའི་ཟླ5པའི་བར་ཅིན་ཐའེ་དབྱང་རྒྱལ་སྤྱིའི་མགྲོན་བྲང་ཆེན་མོའི་མ་ཆེན་གྱི་འགན་བཞེས། 

སྤྱི་ལོ2003ལོའི་ཟླ6པ་ནས་སྤྱི་ལོ2004ལོའི་ཟླ6པའི་བར་ཁའེ་ཁང་རྒྱལ་སྤྱིའི་མགྲོན་བྲང་ཆེན་མོའི་མ་ཆེན་གྱི་འགན་བཞེས།

སྤྱི་ལོ2004ལོའི་ཟླ7པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར་ཏུང་ཧྥེང་ལུང་མགྲོན་བྲང་ཆེན་མོའི་ལག་རྩལ་བློ་འདོན་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ9པ་ནས་སྤྱི་ལོ2006ལོའི་ཟླ5པའི་བར་ཅིན་ཧྭ་བཟའ་བཅའའི་གླིང་གི་མ་ཆེན་གྱི་འགན་བཞེས།

སྤྱི་ལོ2007ལོའི་ཟླ6པ་ནས་སྤྱི་ལོ2018ལོའི་ཟླ6པའི་བར་ཏུང་ཞིན་ཐོག་ཁང་དུ་མ་ཆེན་དང་། ཐོན་རྫས་སྤྱི་ཁྱབ་པ། སྤྱི་ཁྱབ་ཚོང་ཁང་གི་སྤྱི་ཁྱབ་ཅིང་ལི་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ8པའི་བར་པེ་ཅིན་གྱི་ཚོང་རྟགས་རྙིང་པ་ཚུའེ་ཧྭ་ཐོག་ཁང་གི་སྤྱི་ཁྱབ་ཅིང་ལིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ9པའི་བར་པེ་ཅིན་གྱི་ཚོང་རྟགས་རྙིང་པ་སེན་ལུང་ཟ་ཁང་གི་སྤྱི་ཁྱབ་ཅིང་ལིའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ11པའི་བར་ཚུའེ་ཧྭ་ལོའུ་བཟའ་བཏུང་ཚོགས་པར་སྤྱི་ཁྱབ་ཅིང་ལིའི་འགནབཞེས།

2 གཟི་བརྗིད་མཚན་སྙན།

ཀྲུང་གོའི་གཡོས་སྦྱོར་སློབ་དཔོན་ཆེན་མོ།

ཧྲན་ཏུང་ཚལ་གྱི་རྒྱལ་ཁབ་རིམ་པའི་དམིགས་བསལ་རིམ་པའི་སློབ་དཔོན།

པེ་ཅིན་གྱི་དེང་རབས་དགེ་རྒན་གྲགས་ཅན། 

པེ་ཅིན་གྱི་ཚོང་རྟགས་རྙིང་པའི་ལག་རྩལ་པ། 

སྤྱི་ལོ2021ལོའི་ཏུང་ཁྲེང་གི་མིག་དཔེ། 

སྤྱི་ལོ2022ལོའི་རྒྱལ་སའི་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། 

པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ།

སྤྱི་ལོ2023ལོའི་པེ་ཅིན་གྱི་བཟའ་བཏུང་བཟོ་པ་ཆེན་པོ་བཅུའི་གྲས། 

སྤྱི་ལོ2024ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན། 

པེ་ཅིན་གྲོང་ཁྱེར་གྱི་ཆེས་མཛེས་པའི་ཞིང་ལས་པ།

སྤྱི་ལོ2024ལོར་པེ་ཅིན་གྲོང་ཁྱེར་སྲིད་གཞུང་གི་ལག་རྩལ་པའི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་མི་སྣ།

སྤྱི་ལོ2025ལོའི་ཟླ4པར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པ”ཞེས་པའི་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། མ་ཆེན། ཝང་ཕེ་ཞིན།