མ་རྩའི་གནས་བབས།སྔ་མའི་པར་གཞི་དེ འབའYoungsan ནས 2025-06-18 07:55ལ་འགྲུབ།
མ་རྩའི་གནས་བབས་ཟེར་བ་ནི་ཁེ་ལས་ཀྱིས་རང་གི་འགྲན་ཡ་ལས་རིན་གོང་དམའ་བའི་སྒོ་ནས་བེད་སྤྱོད་རིན་ཐང་འདྲ་བར་བཙོང་ཐུབ་པའི་ནུས་པ་ལ་ཟེར་ཞིང་། དེ་ནི་ཁེ་ལས་ཀྱིས་ཁྲོམ་རར་མཁོ་སྤྲོད་བྱས་པའི་ཐོན་རྫས་ཀྱི་སྤུས་ཚད་དང་ནུས་པ། ཐོན་རྫས་ཀྱི་རིགས་དང་ཚད་གཞི། བཟོ་དབྱིབས་སོགས་ཀྱི་ཐད་ནས་འགྲན་རྩོད་མཁན་ལས་ཉོ་བདག་གི་དགོས་མཁོ་སྐོང་ཐུབ་པའི་ནུས་པའོ༎ ཁེ་ལས་ཀྱི་བག་ལ་ཞ་བའི་འགྲན་རྩོད་ཀྱི་གནས་བབས་ངོས་འཛིན་བྱེད་པར་ཕྱོགས་གསུམ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། ཁེ་ལས་ཀྱི་འགྲན་རྩོད་གནས་བབས་ཕྱོགས་གཉིས་སུ་འདུ་སྟེ། མ་རྩའི་གནས་བབས་དང་ཐོན་རྫས་དབྱེ་བ་ཅན་གྱི་གནས་བབས་གཉིས་སོ༎