མཚམས་ལ་མེད།སྔ་མའི་པར་གཞི་དེ མིང་གསང་Wiyc38021 ནས 2025-06-17 09:48ལ་འགྲུབ།
1.སྣ་གཅིག་ཙམ་ལྡན་པས་མི་ཆོག་གམ་དེ་ཙམ་ཡོད་པས་ཕན་མི་ཐོགས་ཞེས་པའི་དོན། ཨ་མདོའི་ཡུལ་སྐད་དུ། མཚམས་མ་མེད་ཅེས་པའི་གདངས་ཐོན། སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་པའི་མཚམས་ལ་མེད། སུམ་རྟགས་བཟང་པོ་ཞིག་འཁྲིད་མི་ཐུབ་མཁན་མང་། ཞེས་དང་། གྲྭ་ལྭ་གོན་པའི་མཚམས་ལ་མེད། གྲོང་བའི་ནང་ནའང་སྒྲུབ་པ་ཉམས་ལེན་མཁན་ཤིན་ཏུ་མང་ཟེར་བ་ལྟ་བུ། 2.ཁྱད་པར་མེད་པའམ་འདྲ་མཉམ་གྱི་དོན། དོན་འདི་ཨ་ལགས་ཚང་ཡིན་པའི་མཚམས་ལ་མེད། ཁ་ངོར་མི་བལྟ། སློབ་མ་ཡིན་པའི་མཚམས་ལ་མེད། ལབ་ཙེ་བསྟོད་སྐབས་ཐོན་དགོས། ལས་བྱེད་པ་ཡིན་པའི་མཚམས་ལ་མེད། སྡེ་བའི་འགྲིག་འཁུར་དགོས་ཟེར་བ་ལྟ་བུ། ཁ་ན་མེད་ཅེས་པ་དང་དོན་མཚུངས།