མཚག་བཟང་།སྔ་མའི་པར་གཞི་དེ མིང་གསང་Wiyc38021  ནས 2025-06-20 08:09ལ་འགྲུབ།

མཚག་བཟང་།

ལུས་ཕུང་བཟང་བའམ་ཤ་རྒྱགས་ཆེ་བའི་དོན།
དཀར་ཆག
1 འགྲེལ་བ།

ལུས་ཕུང་བཟང་བའམ་ཤ་རྒྱགས་ཆེ་བའི་དོན། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》དུ། མཚག་བཟང་བ། ཉམ་རྒྱས་པའམ་ཡན་ལག་དང་ཉིང་ལག་རྒྱས་པ། ཞེས་བཀྲལ་ཡོད། 《དག་ཡིག་ཐོན་མིའི་དགོངས་རྒྱན》གྱི་སྨད་ཆར། མཚག་བཟང་ནི། ལུས་ཉམ་ཆེ་བ་སྟེ་གཞན་དུ་འཚག་འཚེག འཚགས་ཚགས་ཞེས་འབྱུང་བ་རྣམས་དག་མིན་བརྟག ཅེས་བཀྲལ་ཡོད། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། འཚག་བཟང་བའམ་མཚག་བཟང་བ། །མདངས་བཟང་བ་དང་ཉམས་རྒྱས་པ། །ཡན་ལག་ཉིང་ལག་རྒྱས་པའི་མིང་། །ཞེས་བཀྲལ་ཡོད།