ལོ་རབས80བར་དངུལ་ཁང་གི་སྐྱེད་ཚད་རང་དབང་ཅན་ལག་བསྟར་མ་བྱས་པའི་སྔུན་ལ། ཐེ་ཝན“ལྟེ་བའི་དངུལ་ཁང”གིས་བར་སྐབས་ཤིག་ལ་དངུལ་ཁང་གི་སྐྱེད་ཚད་ཇེ་དམའ་རུ་བཏང་བ་དང་། སྐྱེད་ཀའི་མ་གནས་ཇེ་དམའ་རུ་བཏང་ནས་མ་འཇོག་ཕྱིར་འདྲེན་ལ་སྐུལ་འདེད་བཏང་བ་ནི་དཔལ་འབྱོར་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་ཐབས་ཤེས་ཤིག་རེད། དེར་བརྟེན། དངུལ་ཁང་གི་སྐྱེད་ཚད་ཁྲོམ་རའི་དོ་མཉམ་ཆུ་ཚད་ཀྱི་དམའ་ཡིན་དགོས། དངུལ་ཁང་གིས་བཅོལ་དངུལ་སྐྱེད་ཚད་ཚོད་འཛིན་བྱེད་པ་ནི། དོན་དངོས་སུ་དངུལ་བཅོལ་མཁན་ལ་དཔྱ་ཁྲལ་བསྡུ་བ་དང་། དངུལ་བུན་ལེན་མཁན་ལ་ཁ་གསབ་བྱེད་པ་ཞིག་ཡིན། མཇུག་མཐར་དངུལ་རྩའི་ལས་ཁུངས་ཀྱིས་བུན་གཏོང་ཆོག་པའི་འདོན་སྤྲོད་དེ་དགོས་མཁོ་ལས་ཆུང་བ་རེད། འདི་ལ་ཡིད་རྟོན་བགོ་བཤའི་ཐབས་བཀོལ་ནས་བུན་གཏོང་ཆོག་པའི་མ་དངུལ་ཡོད་ཚད་བགོ་བཤའ་རྒྱག་དགོས། དུས་སྐབས་འདིའི་ནང་དུ་བྱུང་བའི་དངུལ་རྩའི་སྲིད་ཇུས་སུ་ཕྱིར་འདྲེན་མ་རྩ་བསྡུ་རུབ་དང་། ཁེ་ལས་ཆུང་འབྲིང་གི་མ་རྩ་བསྡུ་རུབ། ཐབས་ཇུས་འཛོམས་པའི་ཐོན་ལས་ཀྱི་མ་རྩ་བསྡུ་རུབ། བཟོ་ལས་ཀྱི་མ་རྩ་བསྡུ་རུབ། འཕྲུལ་ཆས་ནང་འདྲེན་གྱི་མ་རྩ་བསྡུ་རུབ། ཆེད་ལས་དངུལ་ཁང་དང་མ་འཇོག་གསར་སྤེལ་ཀུང་སི་འཛུགས་པ་སོགས་འདུས་ཡོད།