དཔལ་འབྱོར་ཁོར་ཡུགསྔ་མའི་པར་གཞི་དེ མགོན11  ནས 2025-05-23 10:45ལ་འགྲུབ།

དཔལ་འབྱོར་ཁོར་ཡུག

དཔལ་འབྱོར་ཁོར་ཡུག
དཔལ་འབྱོར་ཁོར་ཡུག་ནི་ཁེ་ལས་ཀྱི་ཚོང་གཉེར་བྱེད་སྒོའི་ཕྱི་རོལ་གྱི་སྤྱི་ཚོགས་དཔལ་འབྱོར་ཆ་རྐྱེན་ཡིན་ཞིང་། དེའི་ནང་འཛད་སྤྱོད་པའི་ཡོང་འབབ་ཆུ་ཚད་དང་། འཛད་སྤྱོད་པའི་གཏོང་སྒོའི་རྣམ་པ། འཛད་སྤྱོད་གྲུབ་ཚུལ། འཛད་སྤྱོད་པའི་གསོག་དངུལ་དང་ཡིད་རྟོན་དངུལ་བུན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། དཔལ་འབྱོར་སྒྲིག་སྲོལ་ས་ཁུལ་དང་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ། གྲོང་ཁྱེར་ཅན་གྱི་ཆུ་ཚད་སོགས་རྒྱུ་རྐྱེན་སྣ་ཚོགས་ཚུད་ཡོད། ཚོང་རའི་གཞི་ཁྱོན་ཆེ་ཆུང་དེ་མི་འབོར་གྱི་གྲངས་འབོར་ལ་རག་ལས་པ་མ་ཟད། ཕན་ནུས་ལྡན་པའི་ཉོ་ཤུགས་ལ་རག་ལས་ཡོད། ཉོ་སྟོབས་ཆེ་ཆུང་ལ་དཔལ་འབྱོར་ཁོར་ཡུག་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཕྱོགས་བསྡུས་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济环境
ངེས་དོན།
ཁེ་ལས་ཀྱི་ཚོང་གཉེར་བྱེད་སྒོ་སྤེལ་བའི་ཕྱི་རོལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཆ་རྐྱེན།
1 ​སྒྲིག་གཞི།

རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་ནི་རྒྱལ་ཁབ་ཀྱིས་དཔལ་འབྱོར་དོ་དམ་གྱི་འགན་ནུས་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་གྱི་ཆུ་ཚད་སྙོམས་སྒྲིག་བྱེད་པ། གྲུབ་ཚུལ་སྙོམས་སྒྲིག་བྱེད་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱེད་པ་བཅས་ཀྱི་སློབ་སྟོན་བྱེད་ཕྱོགས་ཤིག་ཡིན་པས། ཁེ་ལས་ཀྱི་དཔལ་འབྱོར་ཁོར་ཡུག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། དཔལ་འབྱོར་ཞེས་པའི་ཐ་སྙད་འདི་ནི་ཀེ་རི་སེའི་སྐད་ལས་བྱུང་བ་དང་། དེའི་དོན་ནི་ཁྱིམ་ཚང་ཞིག་ལ་དོ་དམ་བྱེད་མཁན་ཞེས་པའི་དོན་ཡིན། དངོས་གཙོའི་རིང་ལུགས་ཀྱི་འཐུས་ཚབ་པ་སེ་ནོ་ཧྥུན་གྱིས་ཁོའི《དཔལ་འབྱོར་གྱི་རྣམ་བཤད》ཅེས་པའི་ནང“ཁྱིམ་ཚང”དང“དོ་དམ”ཞེས་པའི་ཐ་སྙད་གཉིས་ཟུང་འབྲེལ་བྱས་པ་དེ་དཔལ་འབྱོར་ཡིན་པར་གོ་བ་བླངས་ཡོད། ཡན་ཧྥུའུ་ཡིས་སྔོན་ཆད་དཔལ་འབྱོར་གྱི་ཐ་སྙད་དེ་འཚོ་བར་བསྒྱུར་མྱོང་། འཇར་པན་བས་དངོས་སུ་དཔལ་འབྱོར་དུ་བསྒྱུར་བ་དང་། རྗེས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་འཇར་པན་ནས་བཤད་ཚུལ་དེ་ཀྲུང་གོར་དྲངས་ཡོད། དཔལ་འབྱོར་ནི་མིའི་རིགས་སྤྱི་ཚོགས་ཀྱི་དངོས་པོའི་རྨང་གཞི་ཡིན། 

2 དཔེ་མཚོན།  

ཁེ་ལས་ཀྱི་དཔལ་འབྱོར་ཁོར་ཡུག་ནི་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་དང་དེའི་འཁོར་སྐྱོད་གནས་ཚུལ་དང་། འཕེལ་ཕྱོགས། ཐོན་ལས་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན། ཐོན་ཁུངས་སོགས་ཀྱི་གནས་ཚུལ་ལ་ཟེར། ཁེ་ལས་འཚོ་གནས་དང་འཕེལ་རྒྱས་ཡོང་བར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། 



དཔྱད་གཞིའི་ཡིག་ཆ།