མཐའ་ལྷུང་རིང་ལུགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2025-04-25 09:16ལ་འགྲུབ།

མཐའ་ལྷུང་རིང་ལུགས།

མཐའ་ལྷུང་རིང་ལུགས།
མཐའ་ལྷུང་རིང་ལུགས་ཀྱིས་མི་སྒེར་རམ་མི་ཉུང་ཤས་ཤིག་གི་དམིགས་ཡུལ་ཁ་ཤས་འགྲུབ་ཆེད། མཇུག་འབྲས་ཡོད་ཚད་ལ་མ་བལྟོས་པར་ཐལ་དྲགས་པའི་བྱེད་ཐབས་སྤྱད་དེ་སྤྱི་དམངས་སམ་ཆབ་སྲིད་མགོ་ཁྲིད་ཚོགས་པར་འཇིགས་སྐུལ་བྱེད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
极端主义
ཕྱི་ཡིག་གི་མིང་།
extremism
1 ​བསྡུས་བརྗོད།
1_1 ཁྱད་ཆོས། 

མཐའ་ལྷུང་རིང་ལུགས་པའི་ཁྱད་ཆོས་ནི་ཁོ་ཚོས་བྱ་བ་ག་གེ་མོ་ཞིག་སྒྲུབ་སྐབས། ཁོ་ཚོས་བདམས་པའི་གནད་དོན་ཐག་གཅོད་བྱེད་ཐབས་སམ་བྱེད་སྟངས་ནི་ཆེས་འོས་འཚམ་གྱི་གནད་དོན་ཐག་གཅོད་བྱེད་ཐབས་སམ་བྱེད་སྟངས་མིན་པ་གསལ་བོར་ཤེས་མོད། འོན་ཀྱང་ཁོ་ཚོས་བདམས་ཟིན་པའི་བྱེད་ཐབས་སམ་བྱེད་སྟངས་ལྟར་གནད་དོན་ཐག་གཅོད་བྱེད་འདོད་ཀྱང་དུས་ཚོད་མང་ཙམ་སྤྱད་ནས་གནད་དོན་ཐག་གཅོད་བྱེད་ཐབས་སམ་བྱེད་སྟངས་དེ་བས་ལེགས་པ་ཡོད་མེད་ལ་བསམ་བློ་གཏོང་མི་འདོད། ཁོ་ཚོའི་གཤིས་ཀ་ནི་ཕྱོགས་ཞེན་ཚབས་ཆེན་ཡིན་པས། མི་གཞན་གྱི་བསམ་འཆར་ལ་ཡང་བཟང་ངན་ལ་མ་བལྟོས་པར་ཚང་མ་ཉན་གྱིན་མེད། གལ་ཏེ་མི་འདོད་པའི་མཇུག་འབྲས་བྱུང་ཚེ་འགན་འཁྲི་གཞན་གྱི་སྟེང་དུ་འདེད་དགོས། དེར་བརྟེན། མིའི་རིགས་ཀྱི་སྤྱི་ཚོགས་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་མཐའ་ལྷུང་རིང་ལུགས་གཏན་འགོག་བྱེད་དགོས། དེ་ནི་མིའི་རིགས་ཡོངས་ཀྱི་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན།

1_2 སྟོབས་ཤུགས། 

“སྟོབས་ཤུགས་ཁག་གསུམ”ཟེར་བ་དེ་གནད་ལ་འཁེལ་བའི་སྒོ་ནས་བཤད་ན། ཆོས་ལུགས་ཀྱི་ཐལ་སྐྱོད་སྟོབས་ཤུགས་དང་། མི་རིགས་ཁ་བྲལ་སྟོབས་ཤུགས། རྒྱལ་སྤྱིའི་འཇིགས་སྐུལ་སྟོབས་ཤུགས་བཅས་ཡིན། “སྟོབས་ཤུགས་ཁག་གསུམ”སོ་སོའི་མཚོན་ཚུལ་མི་འདྲ་བ་ཡོད་མོད། འོན་ཀྱང་ངོ་བོ་རྩ་བ་ནས་མི་འདྲ་བ་རེད། དེར་བརྟེན། ཁོ་ཚོ་དང་ཐོག་ནས་ངན་འབྲེལ་བྱེད་བཞིན་ཡོད། ཁོ་ཚོ་ཆོས་ལུགས་ཀྱི་ཐལ་དྲགས་པའི་ངོ་གདོང་ཕྱིར་མངོན་པ་དང་། “མི་རིགས་རང་བཙན”ཞེས་པར་ཁ་གཡར་ཏེ། ཕྱོགས་གཅིག་ནས་གླེང་ཕྱོགས་བཟོ་བ་དང་། མི་སེམས་བསླུ་བ། ཕྱོགས་གཞན་ཞིག་ནས་དྲག་ཤུགས་འཇིགས་སྐུལ་གྱི་བྱེད་སྒོ་ཆེན་པོ་བྱས་ནས་སྤྱི་ཚོགས་བརྟན་བརླིང་ལ་གཏོར་བརླག་བྱེད་ཀྱིན་ཡོད། ཁོ་ཚོའི་རྩ་བའི་དམིགས་ཡུལ་ནི་ཟང་ཟིང་བཟོ་བ་དང་། ཟང་ཟིང་ཁྲོད་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་འཇིག་རྟེན་གྱི་སྲིད་དབང་མགོ་རྟིང་སློག་ཏེ། ཁོ་ཚོའི“ཆོས་ལུགས་ཁོ་ན”ལྟར“དབྱི་སི་ལན་གྱི་སྲིད་དབང་ཁོ་ན”འཛུགས་རྒྱུ་དེ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མཐའ་ལྷུང་། རིང་ལུགས།