མཐའ་ལྷུང་རྩ་འཛུགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2025-04-25 09:16ལ་འགྲུབ།

མཐའ་ལྷུང་རྩ་འཛུགས།

མཐའ་ལྷུང་རྩ་འཛུགས།
དེ་ནི་སྤྱི་ཚོགས་དང་། རྒྱལ་ཁབ། མིའི་རིགས་ལ་ངོ་རྒོལ་བཅས་བྱེད་པའི་མི་ཁག་ཅིག་མཉམ་དུ་རྩ་འཛུགས་བྱས་པ་ཞིག་ཡིན
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
极端组织
ཁོངས་གཏོགས་རིག་ཚན།
སྤྱི་ཚོགས་རིག་པ།
1 ​ངོ་སྤྲོད།

མཐའ་ལྷུང་རྩ་འཛུགས་ནི་སྤྱི་ཚོགས་དང་། རྒྱལ་ཁབ། མིའི་རིགས་ལ་ངོ་རྒོལ་བཅས་བྱེད་པའི་མི་ཁག་ཅིག་མཉམ་དུ་རྩ་འཛུགས་བྱས་པ་ཞིག་ཡིན་ལ། ཆོས་ལུགས་ཀྱི་མིང་གཡར་ནས་ཆེད་དུ་འཇིགས་སྐུལ་བྱེད་སྤྱོད་ཇུས་འགོད་དང་ལག་བསྟར་བྱེད་པའི་སྡུག་རྩུབ་ཆེ་བའི་རྩ་འཛུགས་ཤིག་ཡིན། རྩ་འཛུགས་དེ་དག་གིས་མི་དམངས་དམར་གསོད་བྱེད་པ་དང་། ཚན་རིག་ལ་ངོ་རྒོལ་བྱེད་པ། མི་རིགས་ལ་འཁོན་འཛིན་ངན་སྐུལ་བྱེད་པའམ་ཡང་ན་སྲིད་དབང་སྒེར་གཅོད་འཇིགས་སྐུལ་དབང་སྒྱུར་ལག་བསྟར་བྱེད་ཐབས་སུ་བྱས་ཏེ་ཁོ་ཚོའི་བློ་ཡིད་ཚིམ་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་པ་རེད།

འཛམ་གླིང་ཐོག་འཇིགས་སྐུལ་མཐར་ལྷུང་རྩ་འཛུགས1000ལྷག་ཙམ་ཡོད་པ་དེའི་ནང་མཚོན་བྱེད་རང་བཞིན་ཆེ་ཤོས་ནི“ISIS(དབྱི་རག་དང་སི་རི་ཡ་ཆེན་པོའི་དབྱི་སི་ལན་རྒྱལ་ཁབ་ཀྱི་རྩ་འཛུགས)”དང་། “རྟེན་གཞིའི་རྩ་འཛུགས” “ཐ་ལི་པན་རྩ་འཛུགས” དེ་བཞིན་ཀྲུང་གོའི་ཞིན་ཅང་ཁ་བྲལ་རྩ་འཛུགས་སོགས་ཡོད།

ངོ་བོའི་ཐོག་ནས་བཤད་ན། མཐའ་ལྷུང་རྩ་འཛུགས་འདྲ་མིན་སྣ་ཚོགས་དེ་དག་ཚང་མ་ཆབ་སྲིད་ཀྱི་རྩ་འཛུགས་ཡིན་པ་དང་། ཁོ་ཚོ་ནི་ཆབ་སྲིད་ཐོག་གི་མཐའ་ལྷུང་ཕྱོགས་ཁག་ཡིན་པས། མི་རིགས་འཐབ་རྩོད་དང་ཆོས་ལུགས་ཀྱི་འཐབ་རྩོད་ལ་དེ་བས་བློ་ཁ་ཕྱོགས་ཀྱིན་ཡོད།

2 མཚན་ཉིད།

རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་ལ་ངོ་རྒོལ་བྱེད་པ། མིའི་རིགས་ལ་ངོ་རྒོལ་བྱེད་པ། ཚན་རིག་ལ་ངོ་རྒོལ་བྱེད་པ་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་པ་དང་། ཆེད་དུ་འཇིགས་སྐུལ་བྱེད་སྤྱོད་ཇུས་འགོད་དང་ལག་བསྟར་བྱེད་པའི་རྩ་འཛུགས་ཚང་མ་ཐལ་དྲགས་རྩ་འཛུགས་སུ་མཚན་ཉིད་བཞག་ཆོག རྩ་འཛུགས་དེ་དག་ལ་གཏོར་བརླག་གི་ནུས་པ་ཧ་ཅང་ཆེན་པོ་ལྡན། སྤྱིར་བཏང་དུ་ཁོ་ཚོ་མང་ཚོགས་འདུས་པའི་མི་ཚོགས་སུ་སིམ་འཛུལ་བྱེད་ཀྱིན་ཡོད། གལ་ཏེ་གོ་སྐབས་བྱུང་ཚེ། ཁོ་ཚོས་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་བཟོས་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱི་ལྡོག་ནུས་ཆེ་རུ་ཕྱིན་ནས་རང་ཉིད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོབ་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མཐའ་ལྷུང་། རྩ་འཛུགས།