རྒྱལ་ཁབ་འཇིགས་སྐུལ་རིང་ལུགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2025-04-25 09:16ལ་འགྲུབ།

རྒྱལ་ཁབ་འཇིགས་སྐུལ་རིང་ལུགས།

རྒྱལ་ཁབ་འཇིགས་སྐུལ་རིང་ལུགས།
དེ་ནི་སྲིད་གཞུང་ངམ་འཁོར་སྐར་རྒྱལ་ཁབ་ཅིག་གིས་དེའི་རྒྱལ་དམངས་ལ་དྲག་ཤུགས་ཀྱི་བྱ་སྤྱོད་སྤེལ་བ་ལ་ཟེར། བྱེད་སྒོ་དེ་འཇིགས་སྐུལ་རིང་ལུགས་ཀྱི་ཁོངས་སུ་གཏོགས་པ་དང་དེ་མིན་དེ་དྲག་ཤུགས་ཀྱི་གདོང་ཐུག་ཡིན་མིན་ལ་བརྩི་བའམ་ཡང་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྡར་ཤ་གཅོད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家恐怖主义
ཕྱི་ཡིག་གི་མིང་།
State terrorism
1 ​ཁྱད་པར་གཙོ་བོ། 

མིག་སྔར། གལ་འགངས་གཙོ་བོ་ནི་རྒྱལ་ཁབ་ཅིག་གི་དབང་འཛིན་ལས་ཁུངས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་པར་ཚོད་འཛིན་བྱ་རྒྱུ་དེ་ཡིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་སྔ་ཁྱབ་བསྒྲགས་བྱས་པའི《མིའི་རིགས་ཀྱི་ཞི་བདེ་བདེ་འཇགས་ལ་ངོ་རྒོལ་བྱེད་པའི་ཉེས་གསོག་སྐོར》གྱི་འཆར་ཟིན་གྱི་ཁྲིམས་གཞུང་ནང་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་དང་འབྲེལ་བ་ཡོད་པའི་ནང་དོན་རེད། ཁྲིམས་གཞུང་གི་དོན་ཚན4པའི་ནང་དུ“ཆབ་སྲིད་ཀྱི་དམིགས་ཡུལ་གྱི་ཆེད་དུ་དྲག་ཆས་ཀྱིས་རྒྱལ་ཁབ་ཅིག་གི་མངའ་ཁོངས་ནས་རྒྱལ་ཁབ་གཞན་ཞིག་གི་མངའ་ཁོངས་སུ་བཙན་འཛུལ་བྱས”པ་དང་། དོན་ཚན་ལྔ་པའི“རྒྱལ་ཁབ་ཅིག་གི་སྲིད་གཞུང་གིས་རྒྱབ་སྐྱོར་དང་ལག་བསྟར་བྱས་ནས་རྒྱལ་ཁབ་གཞན་ཞིག་གི་ནང་ཟིང་རྩོད་གཞི་བཟོས་པ་དང་། ཡང་ན་རྒྱལ་ཁབ་དེའི་དབང་འཛིན་ལས་ཁུངས་ཀྱིས་རྩ་འཛུགས་ཀྱིས་རྒྱལ་ཁབ་གཞན་ཞིག་གི་ནང་ཟིང་རྩོད་གཞི་བཟོས་པ་ལ་བཟོད་སྒོམ་བྱེད་པ” དོན་ཚན་དྲུག་པའི་ནང་གི“རྒྱལ་ཁབ་ཅིག་གི་སྲིད་གཞུང་གིས་རྒྱབ་སྐྱོར་དང་ལག་བསྟར་བྱས་པའི་རྒྱལ་ཁབ་གཞན་ཞིག་གི་འཇིགས་སྐུལ་བྱེད་སྒོ་དང་། ཡང་ན་རྒྱལ་ཁབ་དེའི་དབང་འཛིན་ལས་ཁུངས་ཀྱིས་རྩ་འཛུགས་ཀྱིས་རྒྱལ་ཁབ་གཞན་ཞིག་གི་འཇིགས་སྐུལ་བྱེད་སྒོ་བཟོས་པ་ལ་བཟོད་སྒོམ་བྱེད་ཀྱིན་ཡོད”ཅེས་བཤད་པ་རེད། ཚང་མས་འཇིགས་སྐུལ་རིང་ལུགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པ་མཚོན་ཡོད། འཆར་ཟིན་གྱི་ཁྲིམས་གཞུང་གི་དོན་ཚན6པའི་ནང་དུའང་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་སྲིད་པ་གསལ་བོར་བཀོད་ཡོད། འཆར་ཟིན་འདིའི་ཁྲིམས་གཞུང་ལྟར་ན། རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་གསོག་ལ་ངོས་འཛིན་བྱས་ཆོག འདིར་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ཡོད་པ་མངོན་གསལ་རེད།

2 རྩོད་གཞི། 

སྤྱི་ཚོགས་ཚན་རིག་དང་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ“འཇིགས་སྐུལ་རིང་ལུགས”ལ་དམིགས་པའི་གྲོས་བསྡུར་མང་ཆེ་བ་ནི་རྒྱལ་ཁབ་མིན་པའི་རྩ་འཛུགས་ལ་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འཇིགས་སྐུལ་རིང་ལུགས་སྐོར་གྱི་གྲོས་ཆོད་སྔོན་མ12ཚང་མ་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་དང་འབྲེལ་བ་མེད་དེ། གང་ལགས་ཤེ་ན། དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གོ་དོན་ཞིག་མིན་པ་མ་ཟད། འགན་དབང་གང་བྱུང་དུ་སྤྱོད་པའི་སྲིད་གཞུང་ལ་རྒྱལ་སྤྱིའི་སྤྱི་ཆིངས་ནང་གི་དམག་འཁྲུག་གི་ཉེས་གསོག་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འདྲི་གཅོད་བྱ་དགོས་པ་ལས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་དང་འགལ་བ་མིན། དེ་དང་འདྲ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ཨན་ནན་གྱིས“རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་གྲོས་བསྡུར་མཚམས་འཇོག་བྱེད་པའི་དུས་ལ་སླེབས་ཡོད། རྒྱལ་ཁབ་ཀྱི་དྲག་ཤུགས་སྤྱོད་པར་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚོད་འཛིན་ཕོག་ཡོད་པ་མ་ཟད། སྲིད་གཞུང་དབར་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ཐད་མི་འདྲ་ས་གང་འདྲ་ཡོད་མེད་ལ་མ་བལྟོས་པར་ང་ཚོས་མགྲིན་གཅིག་ཏུ་ཁས་ལེན་བྱེད་པ་ནི་ཉེས་མེད་མི་སེར་སམ་འཐབ་འཛིང་པ་མིན་པ་རྣམས་ལ་དམིགས་པའི་བསམ་བཞིན་དུ་འཇབ་རྒོལ་གང་འདྲ་ཞིག་ཡིན་རུང་དེའི་རྒྱུ་རྐྱེན་གང་འདྲ་ཡིན་རུང་། ཚང་མ་དང་ལེན་བྱེད་མི་ཐུབ་པ་མ་ཟད་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ལ་འཚམ་པ་རེད”ཅེས་གསུངས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཇིགས་སྐུལ་རིང་ལུགས། རྒྱལ་ཁབ།