ཆབ་སྲིད་བྱ་སྤྱོད་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་གྱི་བྱེད་ཐབས་ཐོག་ནས་ཨ་རིའི་ཙུང་ཐུང་འདེམས་བསྐོ་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།
དུས་ཡུན་རིང་བོའི་ནང་ཆབ་སྲིད་བྱ་སྤྱོད་ཨུ་ཡོན་ལྷན་ཁང་དང་ཙུང་ཐུང་འདེམས་བསྐོ་བར་དམིགས་པའི་རྩོད་གླེང་དང་དེ་བཞིན་དེ་ལས་བྱུང་བའི་འབྲེལ་ཡོད་བཅའ་ཁྲིམས་ལེགས་སྒྲིག་བྱས་པ་དེས་ཆབ་སྲིད་བྱ་སྤྱོད་ཨུ་ཡོན་ལྷན་ཁང་གིས་ནུས་པ་འདོན་སྤེལ་བྱེད་པའི་རྣམ་པ་དང་ཐབས་ལམ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་ཡོད། རྩོད་གླེང་འདི་དག་ནི་དོན་དངོས་ཐོག་ཆབ་སྲིད་འདྲ་མཉམ་དང་ཆབ་སྲིད་རང་དབང་གི་གནའ་བོའི་ལོག་འགལ་སྨྲ་བ་འདི་ཙུང་ཐུང་འདེམས་བསྐོའི་སྟེང་གི་མཚོན་ཚུལ་ཡིན།
ཆབ་སྲིད་བྱ་སྤྱོད་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་ཙུང་ཐུང་འདེམས་བསྐོའི་ནུས་པ་དེ་རྩོད་གླེང་དང་ལེགས་སྒྲིག་དེ་དག་ཁྲོད་འཐུས་ཚང་དུ་འགྱུར་བ་རེད།
སྤྱི་ལོ1971ལོར“རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོའི་བཅའ་ཁྲིམས”ལ་གྲོས་འཆམ་བྱུང་རྗེས། PACཡི་གོ་གནས་སྔར་བས་གལ་ཆེན་དུ་གྱུར། བཅའ་ཁྲིམས་འདིས་དམིགས་བསལ་གྱི་ཀུང་སི་དང་། མཐུན་ཚོགས། མི་སྒེར་བཅས་ཀྱིས་ཞལ་འདེབས་འབུལ་ཐུབ་པའི་དངུལ་གྱི་གྲངས་འབོར་ལ་ཚོད་འཛིན་ནན་པོ་བྱས་ཡོད། འོན་ཀྱངPACཡིས་མི་སྒེར་གྱི་ཞལ་འདེབས་འབུལ་མཁན་མང་པོ་ཞིག་ལ་གྲོན་དངུལ་བསྡུ་རུབ་བྱེད་སྐབས། ཚོད་འཛིན་འདི་དག་ལས་གཡོལ་ཐབས་བྱས། དུས་རབས20པའི་དུས་མཇུག་བརPACཡིས་གྲབས་གསོག་བྱས་པའི་དངུལ་འབོར་ཆེན་དེས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ཞབས་འདེམས་ཐོན་ཡོང་བའི་གྲོན་དངུལ་ཆེས་ཆེར་མཐོ་རུ་ཕྱིན་པ་མ་ཟད། འདེམས་བསྐོའི་གྲོན་དངུལ་གྲབས་གསོག་དང་འབྲེལ་བ་ཡོད་པའི་རྩོད་གླེང་ཡང་ཐོན་ཡོད་པ་རེད།
ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་སྤྱི་ལོ2010ལོའི་དཔྱད་མཚམས་ཤིག་ལ་གཞིགས་ན། “རིམ་འདས་ཆབ་སྲིད་བྱ་སྤྱོད་ཨུ་ལྷན”(PAC)ནི་ཨ་རིའི་འདེམས་བསྐོའི་ཆབ་སྲིད་ཁྲོད་ཀྱི་མི་སྣ་གལ་ཆེན་གསར་བ་ཞིག་ཏུ་གྱུར་ཡོད། དེས་སྲིད་ཏང་དང་འོས་མི་དང་མཐུན་སྦྱོར་མ་བྱས་ན་དངུལ་གྲངས་ཀྱི་ཚད་བཀག་མེད་པའི་མ་དངུལ་གྲབས་གསོག་དང་འགྲོ་སོང་གཏོང་ཐུབ་པས་འདེམས་བསྐོའི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། མིང་ཐོག་ནསPACལ་སྲིད་ཏང་གི་མགོ་ཁྲིད་པའི་བཀོད་འདོམས་མི་ཐེབས་མོད། འོན་ཀྱང་དོན་དངོས་ཐོག་ཁོ་ཚོ་ཚང་མས་ཨ་རིའི་ཏང་གཉིས་ཀྱི་ཁྲོད་དུ་དར་ཆ་མངོན་གསལ་དོད་པའི་སྒོ་ནས་ཕྱོགས་ག་གེ་མོ་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུར་གདམ་ག་བྱེད་ཀྱིན་ཡོད།