དམའ་རིམ་ཚོགས་སྤྱིར་ཕྱོགས་མང་པོའི་ནུས་པ་ལྡན་པ་དང་། དེས་མི་སྒེར་འཚར་ལོངས་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་སྟེ།
དང་པོ། སྤྱི་ཚོགས་ཅན་གྱི་ནུས་པ། སྤྱི་ཚོགས་ཀྱི་ཁོངས་མི་ནི་རང་བྱུང་གི་མི་ཞིག་ནས་སྤྱི་ཚོགས་ཀྱིས་དང་ལེན་བྱེད་པའི་སྤྱི་ཚོགས་ཀྱི་མིར་འགྱུར་བའི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་དང་། མི་རབས་གཅིག་མཚུངས་ཀྱི་ཚོགས་སྤྱི། ཁྱིམ་མཚེས་སོགས་དམའ་རིམ་ཚོགས་སྤྱིའི་ཤུགས་རྐྱེན་དགོས། ཁྱིམ་ཚང་ནི་ཁོངས་མི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཆེས་གལ་ཆེ་བའི་གནས་ཡུལ་ཞིག་ཡིན། མི་སྒེར་གྱི་དུས་ཚོད་མང་ཆེ་བ་ནི་ཁྱིམ་ཚང་གི་ནང་དུ་རོལ་བཞིན་ཡོད། ཁོངས་མིས་ཁྱིམ་ཚང་གི་འཚོ་བའི་ཁྲོད་ཆེས་གཞི་རྩའི་རིན་ཐང་ལྟ་བ་བཙུགས་ཏེ་མི་ལ་འཇིག་རྟེན་དུ་བསྐྱོད་པའི་གཞི་རྩའི་རྣམ་འགྱུར་ཆགས་ཡོད། ལོ་ན་གཅིག་མཚུངས་ཀྱི་ཚོགས་སྤྱི་དང་ཁྱིམ་མཚེས་ཀྱི་ཤུགས་རྐྱེན་ཡང་སྣང་མེད་དུ་འཇོག་མི་རུང་།
གཉིས་པ། བརྩེ་དུང་གི་ནུས་པ། དམའ་རིམ་ཚོགས་སྤྱིའི་ཁྲོད་ཀྱི་ཁོངས་མི་རྣམས་ཚོགས་སྤྱིའི་བྱེད་སྒོར་ཞུགས་པའི་ཚད་ཅུང་མཐོ་བ་དང་། ཐད་ཀར་མི་དང་མིའི་བར་གྱི་མཉམ་འགུལ་ཁྲོད་ཅུང་མཛའ་མཐུན་གྱི་མི་དང་མིའི་བར་གྱི་འབྲེལ་བ་འཛུགས་ཐུབ་པས། ཁོངས་མི་རྣམས་དམའ་རིམ་ཚོགས་སྤྱིའི་ཁྲོད་ཕྱོགས་མང་པོའི་ཐད་ཀྱི་བརྩེ་དུང་གི་བློ་ཡིད་ཚིམ་པ་ཐོབ་ཐུབ། བརྩེ་དུང་གི་ནུས་པ་དེ་རིགས་ནི་ཕལ་རིམ་ཚོགས་པས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན། དེང་རབས་ཅན་གྱི་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། དམའ་རིམ་ཚོགས་སྤྱིའི་ཁོངས་མིའི་འབྲེལ་བ་ལྷོད་གཡེང་དུ་ཕྱིན་པ་དང་། ཁོངས་མིར་ཡོངས་ཁྱབ་ཏུ་ཁེར་རྐྱང་དང་བློ་ཕམ་པའི་ཚོར་བ་བྱུང་བས། བློས་ཐུབ་ཀྱི་གྲོགས་པོ་རྙེད་དཀའ་བ་རེད། དམའ་རིམ་ཚོགས་སྤྱིའི་བརྩེ་དུང་གི་ནུས་པ་ཉམས་ཞན་དུ་སོང་ན་ཁོངས་མིའི་བརྩེ་དུང་གི་ཉམས་ཉེན་འབྱུང་སྲིད།
གསུམ་པ། སྤྱི་ཚོགས་ཀྱི་ཚོད་འཛིན་ནུས་པ། དམའ་རིམ་ཚོགས་སྤྱིས་སྤྱི་ཚོགས་ཀྱི་ཁོངས་མིར་གཞི་རྩའི་རིན་ཐང་ལྟ་བ་དང་བྱ་སྤྱོད་ཚད་གཞི་མཁོ་འདོན་བྱས་ཡོད་པས་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་རྨང་གཞི་ཡིན། གཞན་ཡང་དམའ་རིམ་ཚོགས་པས་ད་དུང་དངོས་གཞི་མིན་པའི་སྤྱི་ཚོགས་ཚོད་འཛིན་བྱེད་ཐབས་བརྒྱུད་དེ་ཁོངས་མིར་ཤུགས་རྐྱེན་ཐེབས་ནས་ཁོང་ཚོས་བྱ་སྤྱོད་སྤེལ་བའི་ཁྲོད་རང་རྟོགས་ངང་སྤྱི་ཚོགས་ཀྱི་ཚད་གཞིར་བརྩི་སྲུང་བྱེད་དུ་འཇུག་གིན་ཡོད་པ་རེད། སྤྱི་ཚོགས་ཀྱི་ཚད་གཞི་དང་འགལ་བའི་བྱ་སྤྱོད་ལ་དམའ་རིམ་ཚོགས་པས་ཁ་ཏ་དང་། གསལ་བཤད། སྐྱོན་འཛུགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོངས་མིར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་སྲིད།
དང་པོ། རང་གཤིས་ཆགས་པ་དང་མི་སྒེར་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་པར་འགོག་གནོན་བྱས་ཏེ། མི་སྒེར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་སྲིད།
གཉིས་པ། ཚད་ལྡན་རྩ་འཛུགས་ཁྲོད་དམའ་རིམ་ཚོགས་སྤྱི་གནས་པ་དེས་རྩ་འཛུགས་ཀྱི་འབྲེལ་བ་དངོས་སུ་འགལ་རྐྱེན་བཟོ་བ་དང་། རྩ་འཛུགས་ཀྱི་གྲུབ་ཆར་གཏོར་བརླག་བྱེད་པ། རྩ་འཛུགས་ཀྱི་ལས་ཆོད་མཐོར་འདེགས་དང་རྩ་འཛུགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་འགོག་རྐྱེན་བཟོ་སྲིད།