དབང་ཆ་གཅིག་སྡུད་རིང་ལུགས(autoritarianism)ནིauthority(དབང་ཆ)ཞེས་པའི་ཡིག་འབྲུ་གཅིག་ལས་བྱུང་བ་རེད། མདོར་བསྡུས་ནས་བཤད་ན། དབང་ཆ་ནི་མི་ཁྱུ་ཚོགས་ག་གེ་མོ་ཞིག་གཅིག་བསྡུས་བྱེད་ཆེད། ཐབས་ཇུས་དང་ཆབ་སྲིད་ཀྱི་དབང་ཆ། དཔལ་འབྱོར་སྲིད་ཇུས་ཡོད་ཚད་སྲིད་སྐྱོང་ཏང་གི“ཏང་གཅིག་གིས་སྲིད་དབང་སྒེར་འཛིན”བྱེད་ཀྱིན་ཡོད་པས། མི་སྒེར་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དབང་ཆ་སྒེར་སྡེམ་བྱས་མི་ཆོག་ལ། དེའི་དབང་ཆ་ལོངས་སྤྱོད་བྱེད་ཆོག་པའི་སྲིད་ཏང་གཞན་དག་དེ་བས་ཀྱང་མེད།
དབང་ཆ་གཅིག་བསྡུས་རིང་ལུགས(autoritarianism)དང་དབང་སྡེམ་རིང་ལུགས(Totalitarianism)གཉིས་མཉམ་བསྲེས་བྱེད་སླ་བ་རེད། སྔ་མ་ནི་སྒེར་སྡེམ་སྲིད་དབང་ག་གེ་མོ་ཞིག་གི“ཚོགས་པ”ལ་ཟེར་བ་དང་། ཕྱི་མ་ནི་སྒེར་སྡེམ་སྲིད་དབང་ག་གེ་མོ་ཞིག་གི“མི་སྒེར”ཡིན། ཐལ་དྲགས་པའི་གཡོན་ཕྱོགས་ཀྱི་ཆབ་སྲིད་ནི་རྒྱུན་དུ“ཏང་གཅིག་སྒེར་སྐྱོང”གི་དབང་སྡུད་ཆབ་སྲིད་ཆགས་སླ་བ་སྟེ། དཔེར་ན། དེ་སྔའི་སུའུ་ལེན་དང་ཁྲའོ་ཞན་ངལ་རྩོལ་ཏང་དང་། ཐལ་དྲགས་པའི་གཡས་ཕྱོགས་ཀྱི་ཆབ་སྲིད་ནི་རྒྱུན་དུ“མི་གཅིག་གིས་སྒེར་གཅོད”བྱེད་པའི་དབང་སྡེམ་ཆབ་སྲིད་སུ་འགྱུར་བཞིན་ཡོད། དཔེར་ན། འཁྲུག་ཆེན་ཐེངས་གཉིས་པའི་སྔོན་གྱི་དབྱི་ཐ་ལིའི་མོ་སོ་ལི་ཉི་ལྟེ་བར་བྱས་པའི་ཧྥ་ཤི་སིའི་སྲིད་དབང་དང་ཤི་ཐེ་ལེ་ལྟེ་བར་བྱས་པའི་ན་ཙིའི་སྲིད་དབང་ལྟ་བུ།
ཝ་ཉི་ཀྲན་ཏི་ལའེ་ཞེས་པ་དེ་ཆའོ་ཝ་ཉི་ཀྲན་ཏི་ལའེ(Giovanni Gentile)ཡིས་གསར་གཏོད་བྱས་པ་དང་པེ་ཉི་ཐུའོ་མོ་སོ་ལི་ཉི་ཡིས་དབང་སྒྱུར་བྱས་པའི་ཧྥ་ཤི་སིའི་དབྱི་ཐ་ལི་ནས་དར་ཁྱབ་བྱུང་མགོ་བརྩམས། ཀྲན་ཏི་ལའེ་ཡིས་མོ་སོ་ལི་ཉི་ལ་བྲིས་པའི《ཧྥ་ཤི་སིའི་ལུང་ཚིག》(Doctrine of Fascism)གི་ནང་དུ“ཀྲུང་དབྱང་གཅིག་སྡུད་གོང་མ་སྨྲ་བ། (statolatry)དང“དབང་སྡེམ་རིང་ལུགས”ཞེས་པའི་ཐ་སྙད་དེ་གཉིས་བཀོལ་ཡོད། མི་དེ་གཉིས་ཀྱིས་དབང་ཆ་གཅིག་སྡུད་རིང་ལུགས་ཞིབ་བརྗོད་བྱས་པར་གཞིགས་ན། ཐ་སྙད་འདིའི་གདོད་མའི་དོན་སྙིང་ནི་སྲིད་གཞུང་གི་འདུ་ཤེས་འཛིན་སྟངས་གཙོ་བོ་དེས་གཙོ་ཁྲིད་བྱེད་པའམ་ཡང་ན་མ་མཐར་ཡང་མི་དམངས་མང་ཆེ་བའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དེ་རེད། ཁོང་ཚོས་རླུང་འཕྲིན་དང་པར་འདེབས་སྨྱན་སྦྱོར་འཕེལ་རྒྱས་ལ་གཞིགས་ན། དེང་རབས་རྒྱལ་ཁབ་མང་ཆེ་བ་སྲིད་གཞུང་གིས་མང་ཚོགས་སྨྱན་སྦྱོར་སྤྱད་དེ་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དྲིལ་སྒྲོག་བྱས་པའི་དབང་གིས་གོང་གསལ་གྱི་དབང་མཐོ་རྒྱལ་ཁབ་ཏུ་འགྱུར་སྲིད་ཅེས་ཁྱབ་བསྒྲགས་བྱས་པ་རེད།