སྐུ་དྲག་ལམ་ལུགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2025-04-24 08:24ལ་འགྲུབ།

སྐུ་དྲག་ལམ་ལུགས།

སྐུ་དྲག་ལམ་ལུགས།
བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ནི་སྐུ་དྲག་གི་མཐོ་རིམ་འཐུས་མི་ཉུང་ཤས་ཤིག་གིས་དབང་སྒྱུར་བྱེད་པའི་སྲིད་ལུགས་ཀྱི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贵族制
ཕྱི་ཡིག་གི་མིང་།
aristocracy
1 ངོ་སྤྲོད་མདོར་བསྡུས།

འདེམས་བསྐོའི་ལས་དོན་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དང་སྲིད་འཛིན་གྱི་དབང་ཆ་ཆེན་མོ་ནི་བྲན་གཡོག་བདག་པོའི་གྲལ་རིམ་ཁྲོད་ཀྱི་སྐུ་དྲག་གྲགས་ཅན་གྱི་འཐུས་མི་ཉུང་ཤས་ལས་གྲུབ་པའི་རྒན་རབས་པས་ཚོད་འཛིན་བྱས་ཡོད། རྒན་རབས་གླིང་གིས་རྒྱལ་ཁབ་ཀྱི་ཕྱི་ནང་སྲིད་ཇུས་ཐག་གཅོད་བྱེད་པ་ཡིན། སྐུ་དྲག་གོང་མའི་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་གོང་མའི་ལམ་ལུགས་ཀྱི་སྔ་དུས་ཀྱི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་ཀྲུང་དབྱང་གི་གོང་མའི་དབང་ཆ་ཅུང་ཉམས་ཞན་དང་ས་གནས་ཀྱི་བཅད་བཟུང་སྟོབས་ཤུགས་ཅུང་སྟོབས་ལྡན་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་བྱུང་བ་ཞིག་རེད། ཡོ་རོབ་གླིང་གི་དུས་རབས་བར་མའི་དུས་མགོའི་ཧྥ་རན་སེ་དང་། འཇར་མན། ཨུ་རུ་སུ་བཅས་ཀྱི་ས་ཁོངས་ནང་གི་ཀུང་རྒྱལ་ཁབ་ཆེན་པོ་ཁ་ཤས་ནི་དཔེ་མཚོན་ཆེ་ཤོས་ཡིན། རྒྱལ་ཁབ་ཀྱི་གཙོ་བདག་ལ་རྒྱལ་པོའམ་ཡང་ན་ཏཱ་ཀུང་ཟེར། དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ཆེས་མཐོ་ཤོས་ཡིན། གོང་འོག་བར་ནི་མངའ་ཁོངས་བདག་པོ་དང་ཁོངས་གཏོགས་བར་གྱི་འབྲེལ་བ་ཡིན་པས། གན་རྒྱ་ལྟར་ཕན་ཚུན་གྱི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱེད་ཀྱིན་ཡོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་རིམ་པ་རེ་རེ་ཡིས་ཐད་ཀར་བརྟེན་མཁན་ལ་གན་རྒྱའི་ནང་གཏན་འབེབས་བྱས་པའི་ཁེ་དབང་ཁོ་ན་སྤྱོད་པ་ལས།ཞོར་གཏོགས་ཀྱི་ཞོར་གཏོགས་ལ་ཐད་ཀར་བདག་སྐྱོང་བྱེད་དབང་མེད། རྒྱལ་ཁབ་ཀྱི་མིང་ཐོག་ནས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ཚང་མས་རྣམ་པའི་ཐོག་ནས་རྒྱལ་པོའི་ཁོངས་སུ་གཏོགས་མོད། དོན་དངོས་ཐོག་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་སོ་སོས་དྲག་ཤུགས་ལ་བརྟེན་ནས་ཕྱོགས་གཅིག་ཁ་ཕྲལ་བྱས་ཏེ་རང་སྒྲུབ་བྱས་ནས་རྒྱལ་པོའི་དབང་ཆ་བགོས་ཡོད། རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱེད་པར་ཡང་ངེས་པར་དུ་རྣམ་པའི་ཐོག་ནས་སྐུ་དྲག་གྲོས་ཚོགས་དང་སྤྱི་དམངས་གྲོས་ཚོགས་ཚང་མས་ཁས་ལེན་བྱེད་དགོས། དེ་ནི་དོན་དངོས་སུ་རྒྱལ་པོ་དང་སྐུ་དྲག་ཚོགས་འདུའི་ཐོག་ནས་ཐུན་མོང་དུ་དབང་ཆ་འཛིན་པ་རེད།

2 རིགས་དབྱེ།

སྐུ་དྲག་ལམ་ལུགས་དེ་རྣམ་པ་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཏུ་གནས་པའི་སྐུ་དྲག་གི་སྤྱི་མཐུན་ལམ་ལུགས་དང་། ཅིག་ཤོས་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ཏུ་གནས་པའི་སྐུ་དྲག་གོང་མའི་ལམ་ལུགས་ཡིན། སྐུ་དྲག་སྤྱི་མཐུན་ལམ་ལུགས་ཀྱི་ཆེས་དཔེ་མཚོན་ཅན་གྱི་རྒྱལ་ཁབ་ནི་སྤྱི་ལོ་སྔོན་གྱི་དུས་རབས5པ་ནས་སྤྱི་ལོ1པོའི་རོ་མ་སྤྱི་མཐུན་རྒྱལ་ཁབ་ཡིན། རྒྱལ་ཁབ་ཀྱི་ཆེས་མཐོ་ཤོས་ཀྱི་དཔོན་རིགས་ནི་སྲིད་འཛིན་དཔོན་རིགས་ཡིན་པ་དང་། སྤྱི་དམངས་ཚོགས་ཆེན་གྱིས་སྐུ་དྲག་ཁྲོད་ནས་མི2འདེམས་པ་དང་འགན་འཁུར་ཡུན་ལོ་གཅིག་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྐུ་དྲག ལམ་ལུགས།