ཆ་འཕྲིན་གསོག་ཉར་བྱེད་པར་སྤྱོད་པའི་སྒྲིག་ཆས་ལ་ཟེར།
1 གློག་ནུས་ལ་བརྟེན་ནས་ཆ་འཕྲིན་གསོག་འཇོག་བྱེད་པའི་སྒྲིག་ཆས་དཔེར་ན། གསོག་ཆས་སྣ་ཚོགས་ཏེ། RAMདངROMལྟ་བུ།
2 སྡུད་ནུས་ཀྱི་རྣམ་པ་བེད་སྤྱད་དེ་ཆ་འཕྲིན་གསོག་འཇོག་བྱེད་པའི་སྒྲིག་ཆས་དཔེར་ན། སྲ་སྡེར་དང་མཉེན་སྡེར། སྡུད་ཐགས། སྡུད་སྙིང་གསོག་ཆས། སྡུད་ལྦུ་གསོག་ཆས།(སྡུད་ལྦུ་གསོག་ཆས་དེ་སྤྱི་ལོ1970ལོར་བྱུང་བ་ཡིན། འོན་ཀྱང་སྤྱི་ལོ1980ལོའི་སྲ་སྡེར་གྱི་རིན་གོང་མགྱོགས་མྱུར་ངང་མར་ཆག་པའི་གནས་ཚུལ་འོག་ཚོང་ལས་ཐད་ཀྱི་གྲུབ་འབྲས་ཐོབ་མེད)Uསྡེར་སོགས་ལྟ་བུ།
3 འོད་རིག་ལ་བརྟེན་ནས་ཆ་འཕྲིན་གསོག་འཇོག་བྱེད་པའི་སྒྲིག་ཆས་དཔེར་ན། CDའམDVDལྟ་བུ།
4 ཁབ་ལེན་འོད་ལ་བརྟེན་ནས་ཆ་འཕྲིན་གསོག་འཇོག་བྱེད་པའི་སྒྲིག་ཆས་དཔེར་ན། MOལྟ་བུ། (ཁབ་ལེན་འོད་སྡེར)
5 དངོས་ལུགས་ཀྱི་དངོས་པོ་གཞན་དག་སྟེ། དཔེར་ན་ཤོག་བྱང་དང་ཤོག་ཐག་སོགས་ཆ་འཕྲིན་གསོག་འཇོག་བྱེད་པའི་སྒྲིག་ཆས་བེད་སྤྱོད་པ་དཔེར་ན། ཁུང་བུ་བརྟོལ་བའི་བྱང་བུ་དང་། ཁུང་བུ་བརྟོལ་བའི་ཐ་གུ། ཐག་མདུད་སོགས་སོ། །
6 ཆེད་སྤྱོད་གསོག་འཇོག་མ་ལག་ནི། གཞི་གྲངས་གྲབས་ཉར་རམ་ཤོང་ཚད་ཀྱི་ཆེད་སྤྱོད་ཆ་འཕྲིན་མ་ལག་ལ་བཀོལ་ཞིང་། མགྱོགས་མྱུར་དྲ་རྒྱ་སྤྱད་དེ་གཞི་གྲངས་ཆེན་མོ་གསོག་འཇོག་བྱེད་པའི་ཆ་འཕྲིན་སྒྲིག་ཆས་ལ་ཟེར།
1.PDའོད་འདེད།
2.MO(MagnetoOptical)
3. སྤོ་འགུལ་སྲ་སྡེར།
4.ཤོང་ཚད་ཆེ་བའི་མཉེན་ཤུགས།
5.ཨེ་མེ་ཅ་ཡིClikདངIBMཡིCFཅན་གྱི་སྲ་སྡེར།
6.FlashRAM
7.སྡུད་ཐགས་འཕྲུལ་ཆས།
8.CDR/CDRW
9.Uསྡེར།
10.མྱུར་བཅོལ་བྱང་བུ།
11.སྨྱན་མང་དྲན་ཤེས་བྱང་བུ།
གསོག་འཇོག་བརྒྱུད་རིམ་ནི་བཞུར་རྒྱུན་ཚོད་འཛིན་དངSQLཚིག་བརྗོད་ཞིབ་འབྲི་ཡི་བརྒྱུད་རིམ་ཞིག་ཡིན། བརྒྱུད་རིམ་འདི་ནི་རྩོམ་སྒྱུར་དང་ལེགས་སྒྱུར་བྱས་རྗེས་གཞི་གྲངས་མཛོད་ཞབས་ཞུ་སྒྲིག་ཆས་ནང་དུ་གསོག་འཇོག་བྱས་ཡོད་ལ། ཉེར་སྤྱོད་གོ་རིམ་བཀོལ་སྤྱོད་བྱེད་སྐབས་འཐེན་སྤྱོད་བྱས་ན་ཆོག ORACLEཁྲོད་དུ་ཕན་ཚུན་འབྲེལ་བ་ཡོད་པའི་བརྒྱུད་རིམ་འགའ་མཉམ་གཅིག་ཏུ་བསྒྲིགས་ནས་བྱ་རིམ་ཁུག་མ་གྲུབ་ཆོག
གསོག་འཇོག་བརྒྱུད་རིམ་ནིSQL Serverཡིས་འདོན་སྤྲོད་བྱས་པའིTransact-SQLསྐད་བརྡ་སྤྱད་ནས་རྩོམ་སྒྲིག་བྱས་པའི་གོ་རིམ་ཞིག་ཡིན། Transact-SQLསྐད་བརྡ་ནིSQL Serverལ་གཞི་གྲངས་མཛོད་ཀྱི་ཉེར་སྤྱོད་བྱ་རིམ་ཇུས་འགོད་བྱེད་པར་ཆེད་དུ་འདོན་སྤྲོད་བྱེད་པའི་སྐད་བརྡ་ཡིན་པ་དང་། དེ་ནི་ཉེར་སྤྱོད་གོ་རིམ་དངSQL Serverགཞི་གྲངས་མཛོད་བར་གྱི་བྱ་རིམ་རྣམ་པའི་ཇུས་འགོད་འཆར་ངོས་གཙོ་བོ་ཡིན་ལ། Oracleགཞི་གྲངས་མཛོད་ཀྱི་མ་ལག་ཁྲོད་ཀྱིPL-SQLདངInformixཡི་གཞི་གྲངས་མཛོད་ཀྱི་མ་ལག་སྒྲིག་གཞི་ཁྲོད་ཀྱིInformix-4GLསྐད་བརྡ་དང་འདྲ།