རྒྱ་ཡིག 虹,彩虹
དབྱིན་ཡིག rainbow
1.དག་ཡིག་གསར་བསྒྲིགས་ལས། ①ཆར་བབས་རྗེས་ཆུ་རྡུལ་ལ་ཉི་འོད་ཕོག་ནས་ནམ་མཁར་ཤར་བའི་ཚོན་རིས་གཞུ་དབྱིབས་ཅན་དེའི་མིང་སྟེ། དམར་བོ་དང་ལི་ཁྲི། སེར་བོ། ལྗང་གུ མཐིང་ག སྔོན་པོ། སྨུག་པོ་བཅས་དོན་བདུན་ལྡན་ཞིང་རྒྱུན་དུ་གཉིས་རེ་འཆར་བའི་ནང་གི་མདོག་དམར་བོ་ཕྱི་ངོས་ན་ཡོད་པ་ལ་འཇའ་ཚོན་ཟེར། མདོག་དམར་བོ་ནང་ངོས་ན་ཡོད་པ་ལ་འཇའ་བརྙན་ཟེར། ②དངོས་པོ་ལྕི་མོ་འདེགས་བྱེད་ཀྱི་དབྱུག་པ་སྟེ། འཇའ་ཤིང་། འཇའ་རིལ། རྡོ་ལ་འཇའ་བརྒྱབ་ལྟ་བུ།
2.བརྡ་དག་མིང་ཚིག་གསལ་བ་ལས། གཞའ་ལའང་། 虹。【增】千斤。﹝四﹞
3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། 名词。①ཉི་འོད་རླངས་པ་དང་སྤྲིན་པར་ཕོག་ནས་ཤར་བའི་མདངས། 虹,彩虹。日光在水蒸气或云层中反射出现的彩色光影:ཆར་པ་ཆད་ནས་འཇའ་ཟུག 雨霁虹出。ཉི་མ་ནུབ་ནས་འཇའ་ཡལ། 日落虹隐。འཇའ་ཁ་དོག་མཚར་ཡང་སྙིང་པོ་མེད། 彩虹华而不实。དར་སྐུད་ཚོན་སྣའི་འཇའ་སྒྲིག་གཏོང་བ། 用各种丝绒织成彩虹花纹。ཁ་གཏམ་འབྲག་སྐད་ལྟར་ཆེ་ཡང་ལག་ལེན་ནམ་མཁའི་འཇའ་ལྟར་ཡལ། 言谈声大如雷,实践消散如虹。②ཁང་པའི་ཐོག་འདེགས་བྱེད་འགྱོགས། 杠杆,千斤,顶重器,撑柱。主要指矫正梁柱偏歪时所用的杠杆:འཇའ་བརྒྱབ་ནས་ཀ་བ་སྲོང༌། 支起杠杆,矫正柱子。གདུང་མ་ཞོམ་པ་རྣམས་ལ་འཇའ་རྡེག་རྒྱག་པ། 把有坍塌危险的屋梁用撑柱顶住。ཁང་རྙིང་གི་ཀ་བ་བརྗེ་དུས་གདུང་མར་འཇའ་རྒྱག་དགོས། 为旧屋换柱时,要在屋梁下加撑柱。③ལྷམ་གྱི་སྣ་རྟིང་ལ་བཏང་བའི་འགོ་སྣམ་ཚོས་སྣ་བསྒྲིགས་པ་དང༌། ཐང་གའི་གོང་གཤམ་ལ་བཏང་བའི་གོས་ཆེན་ཚོས་སྣ་བསྒྲིགས་པ་སོགས་ཀྱི་མཛེས་རྒྱན། 花边。藏靴前梁和后跟上所施彩色呢子或卷轴画周围所配彩缎镶边等装饰物:ལྷམ་གྱི་སུམ་འཇའ། 藏靴三线花边。ཐང་ག་རྙིང་པའི་གོང་གཤམ་གྱི་འཇའ་ནོགས་མི་འདུག 旧卷轴图画上下的虹彩镶边没有退色。④ [རྙིང]ཁེངས་པ་བསྐྱུངས་པ་དང་ང་རྒྱལ་མི་བྱེད་པ། 谦让,不骄傲。