སྤུས་ཚད།སྔ་མའི་པར་གཞི་དེ མགོན11  ནས 2024-07-24 11:43ལ་འགྲུབ།

སྤུས་ཚད།

སྤུས་ཀ་ལེགས་ཉེས་ཀྱི་ཚད།
1 ལོ་ཙཱ།

རྒྱ་ཡིག 规格,质量标准

དབྱིན་ཡིག 1.quality 2.a sample

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  1.དངོས་གཟུགས་ནང་དུ་རྫས་རིགས་འདུས་པའི་ཚད་ལ་དངོས་ལུགས་རིག་པར་སྤུས་ཚད་ཟེར། དངོས་ལུགས་རིག་པའི་སྤུས་ཚད་མཚོན་པའི་སྡེ་ཚན་དང་ལྗིད་འཇལ་བའི་སྡེ་ཚན་གཉིས་འདྲ་བས། རྒྱ་མ་དང་སྤྱིའི་རྒྱ་མ་སོགས་སྤྱོད་ཆོག་ཅིང་། དབྱིབས་འགྱུར་ནའང་སྤུས་ཚད་མི་འགྱུར་བ་ཡིན། 2.སྤུས་དང་འདྲ།

2.བརྡ་དག་མིང་ཚིག་གསལ་བ་ལས།  རྣམ་པའམ་བཟོ་འདྲ་ཆེ་ཆུང་ཚོད། 之量,规格,体量大小。(同)སྤུས་ཀ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྤུས་ཀ་ལེགས་ཉེས་ཀྱི་ཚད། ཐོན་ཟོག་ཆེ་ཕྲ་སྔོན་བཏོན་སྤུས་ཚད་དང་མཐུན་པ་བྱུང་བ། དབྱིན་སྐད་དུ་quality ཟེར།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྤུས་ཀ་ལེགས་ཉེས་ཀྱི་ཚད།  规格,质量标准:ཐོན་ཟོག་ཆེ་ཕྲ་སྔོན་བཏོན་སྤུས་ཚད་དང་མཐུན་པ་བྱུང་བ། 大小产品都合乎预定的规格。