རྟོག་སྣང་།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 10:19ལ་འགྲུབ།

རྟོག་སྣང་།

རྟོག་སྣང་ནི་གསར་སྐྲུན་རང་བཞིན་གྱི་སེམས་པའི་འགྱུར་བ་སྐྱེ་སྟོབས་ཀྱི་དཔལ་དང་ལྡན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྟོག་སྣང་ནི་གསར་སྐྲུན་རང་བཞིན་གྱི་སེམས་པའི་འགྱུར་བ་སྐྱེ་སྟོབས་ཀྱི་དཔལ་དང་ལྡན་པ་ཞིག་ཡིན། དངོས་ཡོད་འཚོ་བ་མཚོན་ཚེ་ཉམས་རྟོགས་ཀྱི་རྒྱུད་དུ་གྱུར་བའི་འཚོ་བ་དེ་ཐད་ཀར་ཀུན་གཞི་རྣམ་ཤེས་ཀྱི་རྒྱུད་དུ་སྐྱེས་ཤིང་མཆེད་པ་དང་སླར་ཡང་ཀུན་གཞིའི་སྣང་ངོར་དེ་དག་རྟོག་སྣང་གི་འཆར་སྒོ་ལ་བརྟེན་ནས་ཡིད་བཟོ་གསར་སྐྲུན་བྱེད་པ། དེ་ཡང་དངོས་མྱངས་ཀྱི་ཉམས་རྟོགས་མེད་ཀྱང་དངོས་པོའི་སྣང་བརྙན་རྣམས་རྟོག་སྣང་དུ་ཡིད་བཟོ་བྱེད་ཐུབ། རྟོག་སྣང་གི་རིག་པ་ཐུན་མོང་མ་ཡིན་པ་འདི་བློའི་འཆར་སྒོའམ་རྟོག་འདུའམ་རྟོག་བཏགས་ཀྱི་སྣང་བའི་ཚུལ་དུ་མངོན།