སྒྱུ་རྩལ་རྟོག་སྣང་གི་བློའི་འཆར་སྒོ།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 10:19ལ་འགྲུབ།

སྒྱུ་རྩལ་རྟོག་སྣང་གི་བློའི་འཆར་སྒོ།

ཧེ་གོར་གྱིས་གསར་རྩོམ་དངོས་ནི་སྒྱུ་རྩལ་རྟོག་སྣང་གི་བློའི་འཆར་སྒོ་ཉིད་དོ། ། ཞེས་གསུངས་པ་ལྟ་བུར་རྩོམ་རིག་གསར་རྩོམ་རྟོག་སྣང་གི་འཆར་སྒོའི་རིག་པ་ལ་རྟེན་དགོས་ཤིང་དེ་ཡང་རྩོམ་རིག་གཟིགས་ཞིབ་ཀྱིས་ཀྱང་རྟོག་སྣང་གི་འཆར་སྒོའི་རིག་པར་བརྟེན་དགོས་པ་དང་རྒྱ་ཆེར་སྤེལ་དགོས་སོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

ཧེ་གོར་གྱིས་གསར་རྩོམ་དངོས་ནི་སྒྱུ་རྩལ་རྟོག་སྣང་གི་བློའི་འཆར་སྒོ་ཉིད་དོ། ། ཞེས་གསུངས་པ་ལྟ་བུར་རྩོམ་རིག་གསར་རྩོམ་རྟོག་སྣང་གི་འཆར་སྒོའི་རིག་པ་ལ་རྟེན་དགོས་ཤིང་དེ་ཡང་རྩོམ་རིག་གཟིགས་ཞིབ་ཀྱིས་ཀྱང་རྟོག་སྣང་གི་འཆར་སྒོའི་རིག་པར་བརྟེན་དགོས་པ་དང་རྒྱ་ཆེར་སྤེལ་དགོས་སོ། ། དེ་ནི་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་བྱེད་པའི་རིག་པ་ཡིན་ལ་དེ་ཡང་དངོས་སུ་ཚོར་མྱོང་དང་རྟོག་བྱེད་ཀྱི་རིག་པའང་ཡིན་པས་སྒྱུ་རྩལ་གསར་སྐྲུན་དང་གཟིགས་ཞིབ་ལ་རྩ་བའི་ནུས་པ་འདོན་པའི་རིག་པ་ཡིན། རྟོག་སྣང་གི་རིག་པའི་འཆར་སྒོ་མེད་ན་རྩོམ་རིག་གསར་སྐྲུན་དང་གཟིགས་ཞིབ་སྐབས་ཀྱི་གསར་སྐྲུན་རང་བཞིན་གྱི་ཡིད་བཟོ་དང་བློ་བཀོད་ཕུན་སུམ་ཚོགས་པ་སྤེལ་མི་ནུས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་དང་གཟིགས་ཞིབ་བྱེད་མི་ཐུབ་པར་ངེས། རྩོམ་རིག་ནི་ངག་གི་སྒྱུ་རྩལ་ཞིག་སྟེ་དེའི་སྣང་བརྙན་ལ་ཤུགས་རྟོགས་ཀྱི་རང་བཞིན་ལྡན་པས་གཟུགས་སྐྲུན་དང་འཁྲབ་སྟོན་གྱི་སྒྱུ་རྩལ་གཞན་དང་མི་གཅིག་པར་མཐོང་ཐོས་ཀྱི་དབང་ངོར་མངོན་པར་མི་སྣང་བར་བློའི་རྟོག་སྣང་དུ་ཡིད་བཟོ་དང་ཉམས་ལེན་གྱི་ཚུལ་དུ་མངོན་པར་སྣང་དགོས།