རྩོམ་རིག་གཟིགས་ཞིབ་ཀྱི་བྱ་བ།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 10:19ལ་འགྲུབ།

རྩོམ་རིག་གཟིགས་ཞིབ་ཀྱི་བྱ་བ།

​རྩོམ་རིག་གཟིགས་ཞིབ་ཀྱི་བྱ་བ་ནི་སྤྱིར་བསྟན་བཅོས་ཀྱི་སྒྱུ་རྩལ་སྣང་བརྙན་ལ་ཀློག་པ་པོས་གཟིགས་ཤིང་རྟོག་དགོས་པས་ཐོག་མར་དབང་ཤེས་ཀྱི་ཚོར་བའི་ནུས་པ་ཧ་ཅང་གལ་ཆེའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་གཟིགས་ཞིབ་ཀྱི་བྱ་བ་ནི་སྤྱིར་བསྟན་བཅོས་ཀྱི་སྒྱུ་རྩལ་སྣང་བརྙན་ལ་ཀློག་པ་པོས་གཟིགས་ཤིང་རྟོག་དགོས་པས་ཐོག་མར་དབང་ཤེས་ཀྱི་ཚོར་བའི་ནུས་པ་ཧ་ཅང་གལ་ཆེའོ། ། སྒྱུ་རྩལ་སྣང་བརྙན་ལ་དབང་ཤེས་ཀྱི་མངོན་པར་མྱོང་ཚོར་གྱིས་རྟོགས་པས་དབང་ཤེས་ཀྱི་རིག་པ་གསལ་ཞིང་སྤྱང་པར་མངོན་དགོས། མངོན་སུམ་དབང་ཤེས་ཀྱི་རིག་ སྟོབས་འདི་ལས་ཐུན་མོང་མ་ཡིན་པའི་མཛེས་རྟོག་གི་རིག་པ་མངོན་པར་སྐྱེད་ནུས། རྩོམ་པ་པོའི་གསར་རྩོམ་གྱི་ལས་ནི་བརྗོད་བྱ་འཚོ་བའི་ནང་དོན་རྣམས་གཅིག་བསྡུས་བྱས་ཏེ་མཐར་སོ་སོ་རང་མཚན་བྱེ་བྲག་པའི་རྣམ་པར་སྒྲོ་འདོགས་དང་རྟོག་བཟོའི་བཀོད་པར་བརྟེན་ནས་དཔེར་མཚོན་ཅན་གྱི་སྣང་བརྙན་དུ་བསྐྲུན་ཏེ། དངོས་ཡོད་ཀྱི་གཟུགས་བརྙན་རྣམས་སླར་ངག་གི་རྣམ་པར་རིག་བྱེད་ཀྱི་ཚིག་ཏུ་གསོན་ཉམས་ལྡན་ཞིང་རིས་སུ་ཐོན་པར་བྲིས་ཡོད། དེ་ཡང་ཀློག་པ་པོ་ལ་མཚོན་ན་རྩོམ་པ་པོ་དང་ལྡོག་པའི་རིག་པའི་ལས་ཤིག་ལ་འཇུག་དགོས་ཏེ། ངག་གི་རྣམ་པར་རིག་བྱེད་ཀྱི་མིང་དང་ཚིག་ཏུ་སྦྱར་བའི་བརྗོད་དོན་རྣམས་སླར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དངོས་ཡོད་འཚོ་བའི་སྣང་བརྙན་དང་རྣམ་པའི་ཚུལ་དུ་རིག་པས་གསོ་དགོས་ཏེ། ངག་གི་རང་བཞིན་དུ་གྲུབ་པའི་སྒྱུ་རྩལ་སྣང་བརྙན་རྣམས་རང་གི་ཉམས་རྟོགས་དང་རིག་སྟོབས་སྣ་ཚོགས་ལ་བརྟེན་ནས་ཡིད་ངོར་དངོས་རྣམ་བྱེ་བྲག་པའི་རང་མཚན་གྱི་རྣམ་པ་སླར་གསོ་བྱས་ཏེ་མི་དེ་མངོན་སུམ་དུ་མཐོང་བ་དང་སྒྲ་དེ་རྣ་བས་མངོན་པར་ཐོས་པ་ལྟ་བུར་རྟོགས་ཤིང་སྣང་དགོས། བསྟན་བཅོས་ཀྱི་བརྗོད་བྱ་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དངོས་མངོན་སུམ་ཇི་བཞིན་ཉམས་དང་བཅས་པ་མིག་ཤེས་སུ་ལྷགས་པར་མ་ཟད། དངོས་པོ་བྱེ་བྲག་པའི་རང་མཚན་གྱི་རྣམ་པ་ཕྲ་ཞིང་ཞིབ་པའི་ཉམས་དང་བཅས་པར་མིག་ལམ་དུ་སྣང་ཐུབ་པ་དེ་ནི་དབང་ཤེས་ཀྱི་ཚོར་བའི་རིག་སྟོབས་རྣོ་ཞིང་གྲིམ་པའི་སྟོབས་ལས་སྐྱེས་པའི་རྟགས་མཚན་ཡིན།