འཆར་གཞི་ཚོད་འཛིན།སྔ་མའི་པར་གཞི་དེ འབའYoungsan  ནས 2024-04-25 08:55ལ་འགྲུབ།

འཆར་གཞི་ཚོད་འཛིན།

འཆར་གཞི་ཚོད་འཛིན་ནི་འཆར་གཞི་ཚད་གཞིར་བཟུང་ནས་དཔལ་འབྱོར་བྱེད་སྒོ་དང་མ་དངུལ་ལས་འགུལ་ལ་རྩིས་གཉེར་ཚོད་འཛིན་བྱེད་པ་ཞིག་ཡིན། ཁེ་ལས་ཀྱིས་འཆར་གཞི་བཟོ་འགོད་དང་། འཆར་གཞི་ལག་བསྟར། འཆར་གཞི་བསྒྲུབས་ཚུལ་ཞིབ་བཤེར། དབྱེ་ཞིབ་བཅས་བྱེད་པར་བརྟེན་ནས་ཉམས་མྱོང་ཕྱོགས་བསྡོམས་དང་། བྱེད་ཐབས་གཏན་འབེབས། དཔལ་འབྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
计划控制
མཚན་ཉིད།
འཆར་གཞི་ཚད་གཞིར་བཟུང་ནས་དཔལ་འབྱོར་བྱེད་སྒོ་དང་མ་དངུལ་ལས་འགུལ་ལ་རྩིས་གཉེར་ཚོད་འཛིན་བྱེད་པ་ཞིག་ཡིན།
1 ངོ་སྤྲོད་མདོར་བསྡུས།

འཆར་གཞིར་ཚོད་འཛིན་བྱེད་སྐབས་འཆར་གཞིའི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ལ་ལྷག་པར་དུ་དོ་སྣང་བྱེད་དགོས། འཆར་གཞི་ཚོད་འཛིན་གྱི་བླང་བྱ་ལྟར་དཔལ་འབྱོར་གྱི་བྱེད་སྒོ་སྒྲིག་འཛུགས་དང་། ལས་བཟོ་པ་མང་ཚོགས་ལ་བརྟེན་ནས་འཆར་གཞིའི་ནང་གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་མ་ཟད། འཆར་གཞི་ལག་བསྟར་བྱེད་པའི་གོ་རིམ་ལ་ཞིབ་བཤེར་བྱེད་དགོས་པ་དང་། འཆར་གཞི་ལག་བསྟར་བྱེད་པའི་ཁྲོད་བྱུང་བའམ་འབྱུང་སྲིད་པའི་ཁྱད་པར་ལ་བྱེད་ཐབས་སྤྱད་དེ་ཡོ་བསྲང་བྱས་ཏེ་འཆར་གཞིའི་དམིགས་འབེན་ལེགས་འགྲུབ་ཡོང་བ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།