ཁྲོམ་རའི་ཞིབ་བགོསྔ་མའི་པར་གཞི་དེ འབའYoungsan  ནས 2024-04-25 08:44ལ་འགྲུབ།

ཁྲོམ་རའི་ཞིབ་བགོ

ཁྲོམ་རའི་ཞིབ་བགོ་ཞེས་པ་ནི་ཉོ་བདག་གི་དགོས་མཁོའི་ཁྱད་པར་ལྟར་ཁྲོམ་ར་ཞིག་ཁྱད་ཆོས་མི་འདྲ་བར་རིམ་པ་བསྟར་ཆགས་སུ་ཁྲོམ་ར་ཞིབ་བགོ་བྱེད་པའི་བརྒྱུད་རིམ་ཞིག་ལ་བྱའོ༎ ཁྲོམ་ར་ཞིབ་བགོ་བྱེད་པ་དེས་ཀྱང་རིགས་མི་འདྲ་བའི་ཁྲོམ་ར་དམིགས་སུ་བཟུང་ནས་ཞིབ་བགོའི་རྒྱུ་རྐྱེན་མི་འདྲ་བ་བཀོལ་སྤྱོད་བྱས་ཆོག
གཞི་རྩའི་གནས་ཚུལ།

རིགས་དབྱེ།
དཔལ་འབྱོར་རིག་པའི་ཐ་སྙད།
དཀར་ཆག
1 མཚན་ཉིད།

ཁྲོམ་རའི་ཞིབ་བགོ་ཞེས་པ་ནི་ཉོ་བདག་གི་དགོས་མཁོའི་ཁྱད་པར་ལྟར་ཁྲོམ་ར་ཞིག་ཁྱད་ཆོས་མི་འདྲ་བར་རིམ་པ་བསྟར་ཆགས་སུ་ཁྲོམ་ར་ཞིབ་བགོ་བྱེད་པའི་བརྒྱུད་རིམ་ཞིག་ལ་བྱའོ༎ ཁྲོམ་ར་ཞིབ་བགོ་བྱེད་པ་དེས་ཀྱང་རིགས་མི་འདྲ་བའི་ཁྲོམ་ར་དམིགས་སུ་བཟུང་ནས་ཞིབ་བགོའི་རྒྱུ་རྐྱེན་མི་འདྲ་བ་བཀོལ་སྤྱོད་བྱས་ཆོག་ཏེ། དཔེར་ན། རང་རྒྱལ་གྱི་རླངས་འཁོར་ཆུང་ངུའི་ཁྲོམ་ར་དེའང་སྤྱོད་སྒོ་དང་གནས་གོང(རིན་གོང)གི་རྒྱུ་རྐྱེན་ཕྱོགས་གཉིས་ནས་ཞིབ་བགོས་བྱས་ཆོག དེ་ལས་སྤྱོད་སྒོ་ལ་མི་སྒེར་གྱི་བཀོལ་སྤྱོད་དང་ཚོང་ལས་བཀོལ་སྤྱོད། བགོས་འཚོང(རིན་གོང)བཀོལ་སྤྱོད(གཞུང་སྤྱོད་རླངས་འཁོར)དེ་རིགས་གསུམ་དུ་བྱས་ཆོག་ལ། གནས་གོང(རིན་གོང)ལའང་མཐོ་དམའ་བར་གསུམ་བྱས་ཆོག དེ་ལྟར་ན་རང་རྒྱལ་གྱི་རླངས་འཁོར་ཆུང་ངུའི་ཁྲོམ་ར་དེ་ཞིབ་བགོ་རིགས་དགུ་རུ་དབྱེ་ཆོག