གཏའ་འཇོག་ཁག་འཁུར་དངུལ་བུན།སྔ་མའི་པར་གཞི་དེ འབའYoungsan  ནས 2024-04-25 08:44ལ་འགྲུབ།

གཏའ་འཇོག་ཁག་འཁུར་དངུལ་བུན།

མ་རྐང་ངམ་ཞུགས་འཛིན་འདི་ལ་རྒྱུན་དུ་གཏའ་འཇོག་ཁག་འཁུར་དངུལ་བུན་ནམ་ཡང་ན་ཐོ་བརྒལ་དངུལ་བུན་ཟེར། གཏའ་འཇོག་ཁག་འཁུར་དངུལ་བུན་ལ་ཚད་ལྡན་གྱི་ཁྱད་ཆོས་ལྡན་པ་དང་། ད་དུང་གཏའ་འཇོག་དངུལ་བུན་གྱི་ཉེན་ཁ་མེད་པར་བཟོ་སྲིད་པས། དེའི་འཁོར་རྒྱུག་རང་བཞིན་ཅུང་ཆེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抵押贷款支持证券
ཕྱི་ཡིག་གི་མིང་།
Mortgage-backed security
རིགས་དབྱེ།
དཔལ་འབྱོར་རིག་པ།
དཀར་ཆག
1 མཚན་ཉིད།

མ་རྐང་ངམ་ཞུགས་འཛིན་འདི་ལ་རྒྱུན་དུ་གཏའ་འཇོག་ཁག་འཁུར་དངུལ་བུན་ནམ་ཡང་ན་ཐོ་བརྒལ་དངུལ་བུན་ཟེར། དངུལ་འཛིན་འགྲེམ་སྤེལ་བས་དུས་ལྟར་གཏའ་འཇོག་དངུལ་བུན་བསྐྱི་མཁན་གྱི་ལག་ནས་དངུལ་བུན་གྱི་མ་སྐྱེད་བསྡུས་ནས། དངུལ་འཛིན་བདག་ཏུ་འཛིན་མཁན་ལ་སྤྲོད་པར་བྱེད། གཏའ་འཇོག་ཁག་འཁུར་དངུལ་བུན་ལ་ཚད་ལྡན་གྱི་ཁྱད་ཆོས་ལྡན་པ་དང་། ད་དུང་གཏའ་འཇོག་དངུལ་བུན་གྱི་ཉེན་ཁ་མེད་པར་བཟོ་སྲིད་པས། དེའི་འཁོར་རྒྱུག་རང་བཞིན་ཅུང་ཆེ་བ་ཡིན། མིག་སྔར་དངུལ་འཛིན་ཅན་གྱི་འཕེལ་ཁ་དེ་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་སོ་སོར་ཡར་རྒྱས་མགྱོགས་པར་སྣང་བ་མ་ཟད། ད་དུང་གཏའ་འཇོག་དངུལ་བུན་ལས་གཞན་པའི་དངུལ་བུན་རིགས་མང་པོར་ཁྱབ་ཡོད།