རྐང་འཛིན་ཁྱིམ་ཚང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 11:23ལ་འགྲུབ།

རྐང་འཛིན་ཁྱིམ་ཚང་།

རྐང་འཛིན་ཁྱིམ་ཚང་།
དེ་ནི་ཕ་མ་གཙོ་བོར་བྱེད་པའི་ཁྱིམ་ཚང་གི་རྣམ་པ་ཞིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主干家庭
འདོན་མཁན།
Fལེ་ཕུ་ལེ།
ངོ་བོ།
ཕ་མ་གཙོ་བོར་བྱེད་པའི་ཁྱིམ་ཚང་གི་རྣམ་པ།
ཁོངས་མི།
སྤོ་བོ་དང་སྤོ་མོ། ཕ་མ་དང་གཉེན་སྒྲིག་མ་བྱས་པའི་བུ་ཕྲུག
1 ​སྤྱི་བཤད།

སྤྱིར་བཏང་དུ་སྤོ་བོ་དང་སྤོ་མོ། ཕ་མ། གཉེན་སྒྲིག་མ་བྱས་པའི་བུ་ཕྲུག་སོགས་ཐད་ཀའི་གཉེན་ཚན་མི་རབས་གསུམ་ཚུད་ཡོད། ཧྥ་རན་སེའི་སྤྱི་ཚོགས་རིག་པ་བF.ལེ་ཕུའུ་ལེ་ཡིས་ཐོག་མར་རྐང་འཛིན་ཁྱིམ་ཚང་གི་ཐ་སྙད་འདི་བཏོན་པ་རེད། ཁོང་གི་འདོད་ཚུལ་ལ་དུས་རབས19པར་ཡོ་རོབ་གླིང་གི་ཁྱིམ་ཚང་རིགས་ཆེན་པོ་གསུམ་དུ་དབྱེ་ཆོག་སྟེ། ①ཕ་དབང་ཁྱིམ་ཚང་། ②གཏན་འཇགས་མ་ཡིན་པའི་ཁྱིམ་ཚང་། ③གཙོ་རྐང་ཁྱིམ་ཚང་། དེ་ནི་སྤོ་བོ་སྤོ་མོ་དང་། ཕ་མ་དང་མི་རབས་གསུམ་པ་ལས་གྲུབ་པའི་ཁྱིམ་ཚང་ལ་ཟེར་ཞིང་། གཏན་འཇགས་མ་ཡིན་པའི་ཁྱིམ་ཚང་ནི་ལྟེ་བའི་ཁྱིམ་ཚང་དང་འདྲ།

2 ཞིབ་ཕྲའི་ངོ་སྤྲོད།

རྐང་འཛིན་ཁྱིམ་ཚང་ནང་ཤུལ་འཛིན་པའི་ནང་གི་གཅིག་ལས་མེད་པ་དང་། དེ་བྱིངས་རྣམས་སོ་སོར་བགོས་ནས་སྡོད་ཀྱི་ཡོད་མོད། འོན་ཀྱང་མ་ཁྱིམ་ནི་ཁོ་ཚོའི་འབྲེལ་གཏུག་བྱེད་སའི་ལྟེ་གནས་ཡིན། ཁྱིམ་ཚང་འདིའི་རིགས་ནི་བཀས་བཀོད་རྒྱུད་འཛིན་ཁྱིམ་རྒྱུད་ལམ་ལུགས་འོག་གི་བུ་ཆེ་བའི་ཤུལ་འཛིན་བྱེད་དབང་དང་འབྲེལ་བ་དམ་ཟབ་ཡོད། 

གཙོ་རྐང་ཁྱིམ་ཚང་གིས་ཚད་ངེས་ཅན་ཞིག་གི་ཐོག་ནས་མི་རབས་ནས་མི་རབས་བར་གྱི་གདུང་སེམས་མཉམ་སྐྱེས་ཀྱི་བསམ་པ་གསོ་སྐྱོང་བྱས་ཏེ་མི་རབས་བར་གྱི་བརྩེ་དུང་དང་འབྲེལ་བ་བྱེད་ཐུབ། དེས་ཀྱང་རྒན་གསོ་དང་། བྱིས་སྐྱོང་། ཁྱིམ་ལས་བདག་གཉེར་བཅས་ཀྱི་ཐད་ནས་སྟབས་བདེ་སྐྲུན་ཐུབ། གཙོ་རྐང་ཁྱིམ་ཚང་གི་སྐྱོན་ཆ་ནི་ཁྱིམ་ཚང་ནང་བཟའ་ཟླ་གཉིས་དང་ལྟེ་གནས་གཉིས་ཡོད་པས། སུས་ཁྱིམ་ཚང་གི་དབང་ཆ་འཛིན་པའི་གནད་དོན་ཐག་གཅོད་བྱེད་དཀའ། 

གཙོ་རྐང་ཁྱིམ་ཚང་ནི་རྒྱ་བསྐྱེད་ཁྱིམ་ཚང་ནས་ལྟེ་བའི་ཁྱིམ་ཚང་དུ་བར་བརྒལ་བྱེད་པའི་རྣམ་པ་ཞིག་ཡིན་པས་སྐྱེ་སྟོབས་ངེས་ཅན་ཞིག་ལྡན། སྤྱི་ལོ1982ལོར་ཀྲུང་གོས་སྤེལ་བའི་གྲོང་ཁྱེར་ལྔའི་ཁྱིམ་ཚང་བརྟག་དཔྱད་ཞིབ་འཇུག་སུའོ་ལ་ཐོབ་པའི་དཔྱད་ཡིག་ལས་མངོན་པ་ལྟར་ན། གཙོ་རྐང་ཁྱིམ་ཚང་གིས་ཁྱིམ་ཚང་བསྡོམས་འབོར་གྱི24.29%ཟིན་པ་དང་། དེའི་གྲངས་འབོར་ལྟེ་བའི་ཁྱིམ་ཚང་གི་རྗེས་སུ་ལུས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། སྤྱི་ཚོགས།