མཉམ་འབྲེལ་ཁྱིམ་ཚང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:22ལ་འགྲུབ།

མཉམ་འབྲེལ་ཁྱིམ་ཚང་།

མཉམ་འབྲེལ་ཁྱིམ་ཚང་།
དེ་ནི་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པའི་ཕོ་མོ་གཉིས་སམ་ཡང་ན་མང་པོ་ཡོད་པའི་མི་དང་། དེ་དག་གི་བཟའ་ཟླ་དང་བུ་ཕྲུག་གམ་ཡང་ན་མི་རབས་གཅིག་པའི་གཅེན་གཅུང་ཕོ་མོ་གཉིས་ཡན་གཉེན་སྒྲིག་བྱས་རྗེས་གྲུབ་པའི་ཁྱིམ་ཚང་གི་རིགས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
联合家庭
ཕྱི་ཡིག་གི་མིང་།
Joint Family
ཉེར་སྤྱོད་ཁྱབ་ཁོངས།
སྤྱི་ཚོགས་སེམས་ཁམས་རིག་པ།
1 ​མཚན་ཉིད།

མཉམ་འབྲེལ་ཁྱིམ་ཚང་ཞེས་པ་ནི་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པའི་ཕོ་མོ་གཉིས་སམ་ཡང་ན་མང་པོ་ཡོད་པའི་མི་དང་། དེའི་བཟའ་ཟླ་དང་བུ་ཕྲུག་གམ་ཡང་ན་མི་རབས་གཅིག་པའི་གཅེན་གཅུང་མིང་སྲིང་གཉིས་ཡན་གཉེན་སྒྲིག་བྱས་རྗེས་གྲུབ་པའི་ཁྱིམ་ཚང་གི་རིགས་ལ་ཟེར། རིགས་འདི་ནི་ལྟེ་བའི་ཁྱིམ་ཚང་གི་མི་རབས་གཅིག་པ་ འཕྲེད་ཕྱོགས་སུ་རྒྱ་བསྐྱེད་པའི་འབྲས་བུ་ཡིན་ལ། དེ་ནི་མི་འབོར་ཅུང་མང་བ་དང་འབྲེལ་བ་ཅུང་རྙོག་འཛིང་ཆེ་བ་ཡིན། གཞི་རྩའི་ཟུར་གསུམ་དབྱིབས་རེ་རེར་རང་ཉིད་ཀྱི་སྲོག་ཤིང་ཡོད་པ་དང་། ཕན་ཚུན་བར་ལ་ལྟེ་བྲལ་ཤུགས་ཅུང་ཆེན་པོ་ཡོད། དེའི་ཕྱིར་ཁྱིམ་ཚང་གི་རྣམ་པ་འདི་རིགས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བྱུང་བ་ཧ་ཅང་ཉུང་།

2 སྒྲིག་གཞིའི་རྣམ་པ།

མཉམ་འབྲེལ་ཁྱིམ་ཚང་ལ་གཙོ་བོ་གྲུབ་ཚུལ་གཉིས་ཡོད་དེ།

1.མི་རབས་མི་གཅིག་པའི་མཉམ་འབྲེལ་ཁྱིམ་ཚང་སྟེ། མི་རབས་གཅིག་པའི་བཟའ་ཟླ་གཉིས་ཡན་དང་དེའི་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་དང་ཕ་མ་གཉིས་ལས་གྲུབ་པའི་ཁྱིམ་ཚང་།

2.མི་རབས་གཅིག་པའི་མཉམ་འབྲེལ་ཁྱིམ་ཚང་སྟེ། མི་རབས་གཅིག་པའི་བཟའ་ཟླ་གཉིས་སམ་ཡང་ན་གཉིས་ཡན་དང་དེའི་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་གིས་གྲུབ་པའི་ཁྱིམ་ཚང་།

མཉམ་འབྲེལ་ཁྱིམ་ཚང་ནི་སྤྱིར་བཏང་དུ་སྤུན་ཟླ་རྣམས་གཉེན་སྒྲིག་བྱས་རྗེས་ཁྱིམ་ཚང་མི་དབྱེ་བར་གྲུབ་པ་ཞིག་ཡིན་ལ། སྤུན་ཟླ་སོ་སོར་ཁྱིམ་ཚང་མི་བཀར་བ་མང་ཆེ་བ་ནི་ཐུན་མོང་དུ་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དགོས་མཁོ་ཡིན། ཕ་མ་གཉིས་ལ་ཁང་པ་མང་བའམ་ཡང་ན་དཔལ་འབྱོར་འབེལ་པོ་ཡོད་པས་སྡོད་ཁང་དང་ཁ་གསབ་སྤྲོད་ཆོག་པ་དང་། གཉེན་སྒྲིག་བྱས་རྗེས་བུ་ཕྲུག་གཞི་ནས་མཉམ་དུ་འཚོ་བ་རོལ་ཆོག གཞན་ཡང་། གལ་ཏེ་གཉེན་སྒྲིག་བྱས་ཟིན་པའི་ཕྲུ་གུ་སོ་སོར་བསྡད་ནས་ སྡོད་ཁང་གི་ཆ་རྐྱེན་མེད་ན། ཁོ་ཚོ་ཕ་མ་དང་མཉམ་དུ་འཚོ་བ་སྐྱེལ་བ་ལས་གདམ་ག་གཞན་མེད། དེའང་གསལ་བོར་བཤད་ན། རང་རྒྱལ་གྱི་མཉམ་འབྲེལ་ཁྱིམ་ཚང་མང་ཆེ་བ་ནི་དཔལ་འབྱོར་ཐོག་གི་རྒྱུ་རྐྱེན་ལས་གྲུབ་པ་ཞིག་ཡིན་ཞིང་། བརྩེ་དུང་གིས་རྨང་གཞི་བྱས་པ་ཙམ་ལས་གྲུབ་པའི་མཉམ་འབྲེལ་ཁྱིམ་ཚང་ཧ་ཅང་ཉུང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། སྤྱི་ཚོགས།