ཁྱིམ་ཚང་གི་རིགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:22ལ་འགྲུབ།

ཁྱིམ་ཚང་གི་རིགས།

ཁྱིམ་ཚང་གི་རིགས།
དེ་ནི་ཁྱིམ་ཚང་གི་འབྲེལ་བའམ་ཁྱིམ་ཚང་གི་གྲུབ་ཚུལ་མི་འདྲ་བར་གཞིགས་ནས་རིགས་དབྱེ་བ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭类型
ཁྱད་ཆོས།
གྲུབ་ཚུལ་མི་འདྲ་བ།
1 ​ལྟེ་བའི་ཁྱིམ་ཚང་།

ལྟེ་བའི་ཁྱིམ་ཚང་ནི་རང་རྒྱལ་གྱི་ཁྱིམ་ཚང་གི་རིགས་གཙོ་བོར་གྱུར་ཡོད་དེ། ལྟེ་བའི་ཁྱིམ་ཚང་གི་ཁྱད་ཆོས་ནི་མི་གྲངས་ཉུང་བ་དང་གྲུབ་ཆ་སྟབས་བདེ་བ་དང་། ཁྱིམ་ཚང་ནང་དབང་ཆ་དང་བྱེད་སྒོའི་ལྟེ་གནས་གཅིག་ལས་མེད་པས་ཁྱིམ་ཚང་གི་ཁོངས་མིའི་དབར་འབྲེལ་གཏུག་དང་མཉམ་གནས་བྱེད་སླ་བོ་ཡོད།

2 རྐང་འཛིན་ཁྱིམ་ཚང་།

དེར་ཐད་གཏོགས་ཁྱིམ་ཚང་ཡང་ཟེར་ཞིང་། དེ་ནི་མི་རབས་གཉིས་སམ་ཡང་ན་མི་རབས་གཉིས་ཡན་གྱི་ཁྱོ་ཤུག་ལས་གྲུབ་པ་དང་། མི་རབས་རེར་ཆེས་མང་ན་ཁྱོ་ཤུག་གཅིག་ལས་མི་བརྒལ་བ་མ་ཟད། བར་དུ་མི་རབས་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་ཟེར། རང་རྒྱལ་དུ་རྐང་འཛིན་ཁྱིམ་ཚང་ནི་དེ་སྔ་ཁྱིམ་ཚང་གི་རིགས་གཙོ་བོ་ཡིན་མོད། འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཁྱིམ་ཚང་དེའི་རིགས་ཀྱིས་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཡོད། དེའི་ཁྱད་ཆོས་ནི་ཁྱིམ་ཚང་ནང་དབང་ཆ་དང་བྱེད་སྒོའི་ལྟེ་གནས་གཙོ་བོ་ཞིག་ཡོད་པ་མ་ཟད། ད་དུང་དབང་ཆ་དང་བྱེད་སྒོའི་ལྟེ་གནས་ཤིག་ཀྱང་ཡོད།

3 མཉམ་འབྲེལ་ཁྱིམ་ཚང་།

དེ་ནི་ཕ་མ་དང་། གཉེན་སྒྲིག་བྱས་ཟིན་པའི་བུ་ཕྲུག གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག ཚ་བོ་ཚ་མོ། ཡང་ཚ་སོགས་མི་རབས་ཁ་ཤས་མཉམ་དུ་སྡོད་པའི་ཁྱིམ་ཚང་ལ་ཟེར། མཉམ་འབྲེལ་ཁྱིམ་ཚང་གི་ཁྱད་ཆོས་ནི་མི་གྲངས་མང་བ་དང་། གྲུབ་ཚུལ་རྙོག་འཛིང་ཆེ་བ། ཁྱིམ་ཚང་ནང་དུ་དབང་ཆ་དང་བྱེད་སྒོའི་ལྟེ་གནས་གཙོ་བོ་གཅིག་ཡོད་པ་དང་། དབང་ཆ་དང་བྱེད་སྒོ་ཁ་ཤས་ཀྱི་ལྟེ་གནས་ཡིན།

4 གཉེན་ཡའི་ཁྱིམ་ཚང་།

དེ་ནི་བཟའ་འཐོར་བྱས་པའམ་བཟའ་ཟླ་འདས་པ་དང་། ཡང་ན་གཉེན་སྒྲིག་བྱས་མེད་པའི་ཁེར་རྐྱང་གི་ཕའམ་མ། བུ་ཕྲུག་གམ་ཡང་ན་བུ་སྐལ་བཅས་ལས་གྲུབ་པའི་ཁྱིམ་ཚང་ལ་ཟེར། དེའི་ཁྱད་ཆོས་ནི་མི་གྲངས་ཉུང་ཞིང་སྒྲིག་གཞི་སྟབས་བདེ་བ་དང་། ཁྱིམ་ཚང་ནང་དུ་དབང་ཆ་དང་བྱ་འགུལ་ལྟེ་གནས་གཅིག་ལས་མེད་མོད། འོན་ཀྱང་འབྲེལ་བ་གཞན་དག་གི་ཤུགས་རྐྱེན་ཐེབས་སྲིད། གཞན་ཡང་དཔལ་འབྱོར་ཡོང་ཁུངས་བལྟོས་བཅས་ཀྱིས་མི་འདང་བ་རེད།

5 བསྐྱར་སྒྲིག་ཁྱིམ་ཚང་།

ཁྱོ་ཤུག་ཕྱོགས་གཉིས་ཀའི་ནང་གི་མི་གཅིག་གིས་གཉེན་སྒྲིག་ཐེངས་གཅིག་བྱས་མྱོང་བར་མ་ཟད། བཟའ་ཟླ་སྔོན་མའི་བུ་ཕྲུག་གཅིག་གམ་ཡང་ན་མང་པོ་ཡོད་པའི་ཁྱོ་ཤུག་གིས་བསྐྱར་སྒྲིག་བྱས་པའི་ཐུན་མོང་གི་བུ་ཕྲུག་ཀྱང་ཡོད་ཆོག བསྐྱར་སྒྲིག་ཁྱིམ་ཚང་གི་ཁྱད་ཆོས་ནི་མི་གྲངས་བལྟོས་བཅས་ཀྱིས་ཅུང་མང་བ་དང་གྲུབ་ཚུལ་རྙོག་འཛིང་ཆེ་བ་དེ་རེད།

6 ཏིང་ཁེ་ཁྱིམ་ཚང་།

བཟའ་ཟླ་གཉིས་ཀྱིས་གྲུབ་པའི་ཕྲུ་གུ་མེད་པའི་ཁྱིམ་ཚང་ལ་ཟེར་ཞིང་། རང་རྒྱལ་དུ་ཏིང་ཁེ་ཁྱིམ་ཚང་གི་གྲངས་འབོར་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཏིང་ཁེ་ཁྱིམ་ཚང་གི་ཁྱད་ཆོས་ནི་མི་གྲངས་ཉུང་བ་དང་གྲུབ་ཚུལ་སྟབས་བདེ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། རིགས།