ཐོར་སྡོད་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-16 08:36ལ་འགྲུབ།

ཐོར་སྡོད་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས།

ཐོར་སྡོད་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས།
དེ་ནི་གཅིག་ནས་རང་སྐྱོང་ས་གནས་ལས་གཞན་པར་སྡོད་པའི་གྲངས་ཉུང་མི་རིགས་ལ་ཟེར་བ་དང་། གཅིག་ནི་རང་སྐྱོང་ས་གནས་ཀྱི་ནང་དུ་གནས་ཀྱང་རང་སྐྱོང་ལག་བསྟར་མི་བྱེད་པའི་གྲངས་ཉུང་མི་རིགས་ལ་ཟེར་བ་ཡིན། ཁ་ཐོར་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཧ་ལམ་ཁྲི2300ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་འབོར་གྱི25%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
散杂居少数民族
ཁ་གྲངས།
མི་གྲངས་ཁྲི2300ལྷག
1 ​མཚན་ཉིད།

གྲངས་ཉུང་མི་རིགས་ཁ་ཤས་ལ་ཚད་ངེས་ཅན་གྱི་འདུས་སྡོད་ཁུལ་ཡོད་ཀྱང་རང་སྐྱོང་ས་གནས་རིམ་པ་དང་པོར་གྲུབ་མི་ཐུབ་པར་རྒྱ་རིགས་སམ་གྲངས་ཉུང་མི་རིགས་གཞན་དག་དང་འདྲེས་ནས་བསྡད་ཡོད་པས་འདྲེས་སྡོད་བྱེད་པའི་གྲངས་ཉུང་མི་རིགས(དཔེར་ན་ཀའོ་ཡོའུ་གྲོང་ཁྱེར་ལིན་ཐང་ཧུའེ་རིགས་ཞང)ཡོད་པ་སྟེ། ད་དུང་རྒྱ་རིགས་ས་ཁུལ་ལམ་མི་རིགས་གཞན་པའི་རང་སྐྱོང་ས་གནས་སུ་ཁ་ཐོར་དུ་སྡོད་པའི་གྲངས་ཉུང་མི་རིགས་ཁ་ཤས་ཡོད་པ་དེར་ཐོར་སྡོད་པའི་གྲངས་ཉུང་མི་རིགས་ཀྱང་ཟེར། དེ་གཉིས་ཀྱི་སྤྱི་མིང་ལ་ཁ་ཐོར་འདྲེས་སྡོད་གྲངས་ཉུང་མི་རིགས་ཟེར།

ཀྲུང་གོའི་ཅང་སུའུ་ཞིང་ཆེན་ནི་གྲངས་ཉུང་མི་རིགས་ཁ་ཐོར་འདྲེས་སྡོད་ཀྱི་དཔེ་མཚོན་ས་ཁུལ་ཞིག་ཡིན།

2 མི་རིགས་ཀྱི་ཁྱད་ཆོས།

(1)ཁྱབ་རྒྱ་ཆེ་བས་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཚང་མར་གྲངས་ཉུང་མི་རིགས་ཁྱབ་ཡོད་ཅིང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རང་རྒྱལ་གྱི་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་འཛུགས་སྐྲུན་ལ་ཞུགས་པ་དང་། ལས་བྱེད་པ་ལས་གནས་སྤོ་སྒྱུར། སློབ་མ་སློབ་མཐར་ཕྱིན་ནས་བྱ་བ་བགོ་བ། དམག་མིའི་ལས་སྒྱུར་སོགས་ཀྱི་རྒྱུ་རྐྱེན་གྱིས་གྲངས་ཉུང་མི་རིགས་ཀྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་དེ། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཁ་ཐོར་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་དང་ཁྱབ་ཚུལ་ལ་སྔར་ལས་ཇེ་མང་དུ་འགྲོ་བ་དང་རྒྱ་བསྐྱེད་པའི་འཕེལ་ཕྱོགས་ཡོད།

(2)རང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ལ་རང་བྱུང་གི་འབྲེལ་བ་དམ་པོ་ཡོད་དེ། རང་མི་རིགས་འདུས་སྡོད་ཁུལ་དུ་བྱུང་བའི་དོན་དག་གལ་ཆེན་དེ་ཁ་ཐོར་འདྲེས་སྡོད་ཀྱི་མི་རིགས་རང་གི་ཁྲོད་དུ་བརྒྱུད་སྤྲོད་བྱེད་ཧ་ཅང་སླ་བ་དང་། དེ་དང་འདྲ་བར། ཁ་ཐོར་འདྲེས་སྡོད་མི་རིགས་ཁྲོད་བྱུང་བའི་དོན་དག་ཁ་ཤས་ཀྱིས་འདུས་སྡོད་ས་ཁུལ་དང་ཐ་ན་མཐའ་མཚམས་སུ་ཤུགས་རྐྱེན་ཐེབས་སླ་བས། མུ་འབྲེལ་གྱི་ཚུར་སྣང་འབྱུང་སྲིད།

(3)མི་རིགས་ཀྱི་འདུ་ཤེས་ཆེ་བ་སྟེ། དུས་ཡུན་རིང་བོར་མི་རིགས་གཞན་དག་དང་འདྲེས་སྡོད་བྱས་པའི་དབང་གིས་ཐོར་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཁ་ཤས་ཀྱི་མི་རིགས་ཀྱི་ཁྱད་ཆོས་དེ་ཙམ་གསལ་པོ་མེད་མོད། འོན་ཀྱང་མི་རིགས་ཀྱི་འདུ་ཤེས་ཧ་ཅང་དྲག་པོ་ཡོད་པ་དང་། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་འདྲ་མཉམ་དབང་ཆར་བརྩི་འཇོག་ཐོབ་མིན་གྱི་གནད་དོན་ལ་ཚོར་བ་སྐྱེན་པོ་ཡོད།

(4)མི་རིགས་གཞན་དག་དང་ཕན་ཚུན་འགྲོ་འོང་བྱེད་མང་བ། གནས་ཚུལ་འདི་རིགས་ཀྱིས་མི་རིགས་ཁག་བར་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་བརྩི་བཀུར། ཕན་ཚུན་བརྗེ་རེས། ཕན་ཚུན་རོགས་རམ་བཅས་བྱེད་པར་ཕན་པ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཕན་པ་རེད། འོན་ཀྱང་འགལ་བ་དང་རྩོད་གླེང་ཡང་འབྱུང་སླ།

(5)དཔལ་འབྱོར་དང་རིག་གནས་གོང་དུ་འཕེལ་བའི་ཆུ་ཚད་ཧ་ཅང་དོ་མི་མཉམ་པ་དང་། ས་ཁུལ་བར་ཧེ་བག་ཆེ་ཙམ་ཡོད་དེ། གྲོང་ཁྱེར་དང་དེའི་ཉེ་འདབས་ས་ཁུལ། མཚོ་རྒྱུད་ས་ཁུལ། འགྲིམ་འགྲུལ་ལམ་རྒྱུད་ས་ཁུལ་བཅས་སུ་འཚོ་སྡོད་བྱེད་པའི་དཔལ་འབྱོར་དང་རིག་གནས་དར་རྒྱས་ཆེ་ཙམ་ཡོད་པ། ཐག་རིང་ལུང་ཁུག་ས་ཁུལ་དང་། ས་རྒྱུ་ཞན་པའི་རི་ཁུལ། ཚྭ་དམའ་བའི་ས་ཁུལ་བཅས་སུ་འཚོ་སྡོད་བྱེད་མཁན་སྤྱིར་བཏང་ཅུང་དབུལ་ཕོངས་ཡིན་པ་དང་རིག་གནས་བྱང་ཚད་ཅུང་དམའ་བས། མི་ཁག་ཅིག་གི་ལྟོ་རྒྱབ་གནད་དོན་ད་དུང་ཐག་གཅོད་ཐུབ་མེད།

(6)གྲོང་ཁྱེར་དུ་སྡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཉུང་ཞིང་། ཁྱབ་རྒྱ་ཆེ་བ། ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཚང་མར་ཡོད་པ། སྡོད་གནས་ཁ་ཐོར་ཡིན་པས་སྣང་ཆུང་བྱེད་སླ་བ་དང་། ལས་ཀ་བྱེད་ཁག་པོ་ཡོད།

(7)གྲོང་ཁྱེར་དུ་གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་ཅན་མང་པོ་ཡོད་ཅིང་། འཐུས་ཚབ་མི་སྣ་དང་གྲགས་ཅན་མི་སྣ་གཅིག་སྡུད་ཆེ་བ། ཕྱི་ནང་གཉིས་ཀྱི་འབྲེལ་བ་རྒྱ་ཆེ་བས་ཤུགས་རྐྱེན་ཆེན་པོ་ཡོད།

3 སྲིད་ཇུས།

(1)མི་རིགས་ཁག་ཆེ་ཆུང་ལ་མི་བལྟོས་པར་འདུས་སྡོད་དམ་ཡང་ན་ཐོར་སྡོད་གང་ཡིན་རུང་ཚང་མ་འདྲ་མཉམ་ཡིན་པ་དང་། ཁ་ཐོར་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་འགན་སྲུང་བྱེད་པའི་སྲིད་ཇུས་ཡིན།

(2)ཏང་དང་རྒྱལ་ཁབ་ཀྱིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཁ་ཐོར་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་རམ་དང་། མི་རིགས་ཁག་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་དགོས།

(3)ཁ་ཐོར་དང་འདྲེས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་འགན་སྲུང་བྱེད་དགོས།

(4)ཁ་ཐོར་འདྲེས་སྡོད་མི་རིགས་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་གི་སྲིད་ཇུས་ཡོད་པར་ཁག་ཐེག་བྱེད་དགོས།

(5)ཁ་ཐོར་དང་འདྲེས་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གདམ་གསེས་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས།

(6)མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ལག་བསྟར་བྱེད་དགོས།

(7)ཁ་ཐོར་དང་འདྲེས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་སྲིད་ཇུས་གཏན་འབེབས་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།